འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་གཉིས་འཕེན་གཏོང་ལེགས་གྲུབ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རང་རྒྱལ་གྱི་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་གཉིས་འཕེན་གཏོང་ལེགས་གྲུབ་བྱུང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་གྱི་ཆུ་ཚོད་11དང་སྐར་མ་30ལ་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་ག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར་གཉིས་འཕེན་གཏོང་ལེགས་གྲུབ་བྱུང་བ་དང་སྲུང་སྐར་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་བ་རེད། སྲུང་སྐར་དེ་གཉིས་གཙོ་བོ་སྲུང་སྐར་དབར་གྱི་འབྲེལ་ལམ་དྲ་བ་འཛུགས་པ་དང་དེ་བཞིན་རྣམ་པ་གསར་པའི་ས་ཐོག་ལྟ་ཞིབ་ཚད་ལེན་ལག་རྩལ་ཚོད་ལྟ་བྱེད་པའི་ཐད་སྤྱོད་རྒྱུ་རེད། ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རིགས་གྲས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་ཨང་278དེ་རེད།
           ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཚན་རྩལ་གསར་གཏོད་ནས་འཐབ་རྩོད་ནུས་པ་འཕེལ་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ད་རེས་འཕེན་གཏོང་བྱས་པ་ནི་འདི་ལོ་རང་རྒྱལ་གྱིས་སྟུག་ཚད་མཐོ་བའི་འཕེན་གཏོང་ལས་འགན་སྒྲུབ་ཚུན་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་གྲུབ་འབྲས་ཐོན་པའི་ངང་འཕེན་གཏོང་བྱས་ཐེངས་བརྒྱད་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།