འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ལུགས་གསོ་རིག་གི་གསེར་ཁབ་དབྱི་རག་ཏུ་དར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་29ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཉིན་ཤས་གོང་དབྱི་རག་གི་རྒྱལ་ས་པ་ཀ་ཏའི་ཁ་ལ་ཏ་ཆུས་ཀྱི་ཁ་ཁུ་སིམ་པའི་ཐོག་སོ་གཉིས་པའི་ཐོག་ཁང་ཞིག་ཏུ་སྐྱོད་སྐབས་དབུ་སྐྲ་དུང་ལྟར་དཀར་བའི་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་མཁས་ཅན་ས་པ་ཧེས་ནད་པར་སྨན་བཅོས་བྱེད་བཞིན་ཡོད་པ་རེད། 1997ལོ་ནས་བཟུང་ས་པ་ཧེ་པེ་ཅིང་དང་ཧྲན་ཤིས་སོགས་ཀྱི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་གསེར་ཁབ་སློབ་སྦྱོང་བྱེད་པར་ཐེངས་མང་ཡོང་མྱོང་ཡོད། སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་ལོག་རྗེས་ཁོང་གིས་སྒེར་གྱི་ཀྲུང་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་ཞིག་བཙུགས་པ་མ་ཟད་སྲིད་གཞུང་གིས་གསོ་སྦྱོང་མངགས་བཅོལ་བྱས་པའི་ས་གནས་དེ་གའི་གསེར་ཁབ་རྒྱག་མཁན་སྨན་པ་དཀའ་བཅུ་པ་གསོ་སྦྱོང་བྱ་རྒྱུ་དང་ལེན་ཡང་བྱས་པ་རེད། སྨན་པ་དཀོན་པ་དང་སྨན་མི་འདང་བའི་དབྱི་རག་ཏུ་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་དེས་ས་གནས་དེ་གའི་མང་ཚོགས་ལ་གདམ་ག་མང་པོ་ཞིག་མཁོ་འདོན་བྱས་ཤིང་།
      

    ཕྱོགས་བསྡུས་གསར་འགྱུར།