འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་ཚོགས་པས་
    པེར་ཀྲེམ་དུ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན། ཀྲུང་གོའི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་ཚོགས་པས་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་ཡོ་རོབ་མནའ་འབྲེལ་སྨྱན་སྦྱོ་གྱི་སྤྲོ་འཛོམས་ཁང་དུ་མཁས་དབང་གི་སྤེལ་རེས་ཚོགས་འདུ་འཚོགས་ནས།  པེར་ཀྲེམ་གྱི་སྲིད་ཕྱོགས་དང་སྨྱན་སྦྱོར། རིག་གཞུང་ལས་རིགས།  མཛའ་གྲོགས་མི་སྣ་སོགས་མི་50ལྷག་ཙམ་དང་ཕན་ཚུན་སྤེལ་རེས་བྱས་ཏེ།  རྣམ་པ་མང་པོའི་ཐོག་ནས་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དེ་བཞིན་འོད་སྟོང་འབར་བའི་མདུན་ལམ་ངོ་སྤྲོད་བྱས་ཡོད།
            ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན་དང་། ཀྲུང་གོའི་མིའི་རིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེ་མོ་བ་ཧའོ་ཧྲེ་ཡོན་གྱིས“བོད་ལྗོངས་ཀྱི་ལོ་རྒྱུས་དང་དངོས་ཡོད”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་པར་རིས། གསོན་ཉམས་ལྡན་པའི་དཔེ་བརྒྱུད་ནས་གནའ་དེང་དང་། ཀྲུང་ཕྱིའི་བསྡུར་བ་སོགས་ཀྱི་བྱེད་སྟངས་བེད་སྤྱོད་བྱས་ནས། བོད་ལྗོངས་སུ་1959ལོ་ནས་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། རིག་གནས་སྲུང་སྐྱོང་། སློབ་གསོ་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། འགྲོ་བ་མིའི་དབང་ཆའི་འགན་སྲུང་། ཆོས་ལུགས་དད་མོས་རང་མོས་སོགས་ཕྱོགས་མང་པོའི་ཐད་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་ངོ་སྤྲོད་བྱས་ཡོད།
           འཐུས་མི་ཚོགས་པའི་ཁོངས་མི་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སྐལ་བཟང་ཡེ་ཤེས་ཀྱིས་རང་གི་མྱོང་བ་དང་འབྲེལ་ནས་བོད་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་དང་དེ་བཞིན་བོད་ལྗོངས་ས་ཁུལ་དུ་སྐད་གཉིས་སློབ་གསོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།