འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་སློབ་གསོའི་འགྲེམས་ཁང་གི་སྒོ་བྱང་བཀལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་དུག་འགོག་སློབ་གསོའི་འགྲེམས་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞིར་འཚོགས་ཡོད།
           ཤེས་རྟོགས་བྱས་པར་གཞིགས་ན། གསར་དུ་བསྐྲུན་པའི་མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་དུག་འགོག་སློབ་གསོའི་འགྲེམས་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་800དང་། དེའི་ནང་དུག་འགོག་གི་ལམ་བར་དང་།. དུག་རྫས་ཀྱི་འཕེལ་འགྱུར་ལོ་རྒྱུས། དུག་རྫས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ། དུག་རྫས་ཀྱི་གནོད་སྐྱོན། དུག་རྫས་སྔོན་འགོག་སོགས་ཀྱི་འགྲེམས་ཁང་8ལ་དབྱེ་ཡོད་ཅིང་།  དེང་རབས་ཀྱི་འགྲེམས་སྟོན་བྱེད་ཐབས་དང་སྨྱན་ལམ་ལག་རྩལ་བེད་སྤྱད་ནས་དངོས་རྫས་བཤམས་སྟོན་དང་པར་རིས་འགྲེམས་སྟོན། བརྙན་ལམ་པར་རིས། མཉམ་འགུལ་ངང་ཞུགས་པ་སོགས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་འགྲེམས་སྟོན་བྱས་ཏེ་དུག་རྫས་གཏན་འགོག་གི་སློབ་གསོ་དེ་གསོན་ཉམས་ལྡན་པའི་འགྲེམས་སྟོན་གྱི་ཐོག་ནས་ལྟད་མོར་ཡོང་མཁན་གྱི་གཞོན་ནུ་ལོ་ཆུང་ལ་དུག་རྫས་ཀྱི་གནོད་སྐྱོན་ངོས་འཛིན་གང་ལེགས་ཐུབ་པ་བྱས་པས་མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་དུག་རྫས་འགོག་པའི་སློབ་གསོའི་རྟེན་གཞི་གལ་ཆེན་དུ་སྒྱུར་བ་རེད།
           སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་རྗེས་ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དུག་འགོག་གཞུང་དོན་ཁང་། ཟི་ལིང་གྲོང་ཁྱེར་དུག་འགོག་ཨུ་ཡོན་ལྷན་ཁང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གི་སློབ་མའི་འཐུས་མིས་དུག་འགོག་སློབ་གསོའི་ཁང་ལ་ལྟ་སྐོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།