འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་རྒྱལ་ཁབ་ཀྱི་རིག་གནས་ཕྱིར་གཏོང་རྟེན་
    གཞི་ཐོག་མའི་ནང་དུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན།  རིག་གནས་ཕྱིར་སྐྱོད་ཐུབ་པ་དང་རིག་གནས་ཀྱི་ཕྱི་ཕྱོགས་ཉོ་དོན་ཆེན་པོ་གཉེར་དགོས། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར།  ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཚོང་དོན་པུའུ།  རིག་གནས་དང་ཡུལ་སྐོར་པུའུ།  རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་རིག་གནས་ཕྱིར་གཏོང་རྟེན་གཞི་ཐོག་མ་13གྱི་མིང་ཐོའི་ནང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ལ“རྒྱལ་ཁབ་རིག་གནས་ཕྱིར་གཏོང་རྟེན་གཞིའི”མཚན་སྙན་ཐོབ་ནས་རྒྱལ་ཁབ་རིག་གནས་ཕྱིར་གཏོང་རྟེན་གཞི་13གྱི་གྲས་ཤིག་ཏུ་གྱུར་ཡོད།
            ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་རིག་གནས་ཕྱིར་གཏོང་རྟེན་གཞི་13གྱི་མིང་ཐོའི་ནང་གི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ནི་བོད་ཀྱི་དམིགས་བསལ་མཚན་སྙན་དེ་ཐོབ་མཁན་ཚན་པ་གཅིག་པུ་དེ་ཡིན་པས་། བོད་ལྗོངས་རིག་གནས་ཐོན་ལས་འཕེལ་རྒྱས་ཐད་རྒྱལ་ཁབ་རིམ་པའི་ལས་སྟེགས་སླར་ཡང་བསྣན་པ་མཚོན་ལ་བོད་ལྗོངས་ཀྱིས་རིག་གནས“ཕྱིར་གཏོང”ལ་ཚད་མཐོའི་མཐོང་ཆེན་བྱས་པའང་མཚོན་པ་དང་། བོད་ལྗོངས་རིག་གནས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ད་ལྟའི་་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཐུབ།
              འདི་ལོ་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་དང་《གྱིམ་ཤིང་ཀོང་ཇོའི་》ཚོགས་ཁང་ནང་འཁྲབ་པའི་ལོ་རྒྱུས་གར་སྟེགས་ཟློས་གར་དང་། བོད་ལྗོངས་ཀྱི་མངོན་མིན་རིག་གནས་རྟེན་རྫས་བཤམས་མཛོད་ཁང་།  ལྷ་སའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གྲོང་一ཞོ་སྟོན་མནའ་གྲོང་། ཁ་ཆེ་ཤ་སྐམ་གྱི་རིག་གནས་དངོས་མང་སྟོན་ཚོགས་ལྟེ་གནས། ཁང་ལོ་མ་ལོ་ཆུང་བྱིས་པའི་རིག་གནས་སྒྱུ་རྩལ་ལྟེ་གནས་སོགས་རྣམ་གྲངས་སྤེལ་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་36བཏང་བ་དང་ཆབས་ཅིག ཚོང་འགུགས་མ་འདྲེན་རྣམ་གྲངས་28ལ་མིང་རྟགས་བཀོད་པ་དང་སྦྲགས། མ་འཇོག་གསར་སྤེལ་གྱི་གྲོས་མཐུན་དངོས་སུ་བཞག་པ་དང་གྲོས་མཐུན་གྱི་མ་འཇོག་སྒོར་དུང་ཕྱུར་100.3ཟིན་ཡོད་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་རིག་གནས་ཕྱིར་གཏོང་རྟེན་གཞི་བསྐྲུན་པའི་དམིགས་ཡུལ་ནི་རིག་གནས་ཚོང་དོན་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ཀྱི་བྱེད་ཐབས་གསར་གཏོད་དང་། གཅིག་སྡུད་དང་། སྣེ་ཁྲིད། ཁྱབ་འགྱེད་བཅས་ཀྱི་ནུས་པ་འདོན་སྤེལ།  རྒྱལ་སྤྱིའི་འགྲན་རྩོད་ཆེན་པོ་ལྡན་པའི་རིག་གནས་ཁེ་ལས་ཁག་གཅིག་སྐྱེད་སྲིང་། ཁྱབ་འགྱེད་ནུས་པ་ཅུང་ཆེ་ཙམ་ལྡན་པའི་རྒྱལ་སྤྱིའི་རིག་གནས་ཚོང་དོན་ལས་སྟེགས་ཁག་གཅིག་ཆགས་པ།  རིག་གནས་ཚོང་དོན་གསར་གཏོད་འཕེལ་རྒྱས་དང་འཚམ་པའི་རྣམ་པ་དང་ཉམས་མྱོང་ཁག་གཅིག་འཚོལ་ཞིབ་བཅས་བྱས་ནས་རིག་གནས་ཚོང་དོན་གྱི་སྤུས་ཚད་འཕེལ་རྒྱས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭའི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་འགྲོ་རྒྱུར་འདེགས་སྐྱོར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།