འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས"གདོན་འདྲེའི་གཟའ་འཁོར"ཞེས་པའི་
    དཀའ་ངལ་ཆེ་ཤོས་ཀྱི་འགྲན་བསྡུར་ནང་སྦྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས'གདོན་འདྲེའི་གཟའ་འཁོར'ཞེས་པའི་
དཀའ་ངལ་ཆེ་ཤོས་ཀྱི་འགྲན་བསྡུར་ནང་སྦྱོང་བྱེད་པ།
          མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་6ཚེས་24ཉིན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་དམིགས་བསལ་དམག་འཐབ་རུ་མི་སྒྲིག་འཛུགས་བྱས་ཏེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡོད་པའི་ཆ་རྒྱུས་མེད་པའི་ས་ཆར“གདོན་འདྲེའི་གཟའ་འཁོར”ཞེས་པའི་དཀའ་ཚེགས་ཆེ་ཤོས་ཀྱི་འགྲན་བསྡུར་སྦྱོང་བརྡར་བྱས་ཏེ། འཐབ་རྩལ་མཐུན་སྦྱོར་དང་། དམིགས་བསལ་རིགས་ཀྱི་འཇབ་རྒོལ། དཀའ་ངལ་ཆེ་ཤོས་ཀྱི་ལུས་ནུས་སོགས་ཀྱི་རིག་ཚན་སྦྱོང་བརྡར་བྱས་པ་དང་། རིག་ཚན་མང་བ་དང་། ཤུགས་ཚད་ཆེ་བ། ཐེག་ནུས་ལས་བརྒལ་བ་བཅས་མངོན་གསལ་དོད་ལ་དགྲ་བོའི་གནས་ཚུལ་ཇུས་འགོད་དང་། ཉེན་ཁའི་གནས་ཚུལ་བཟོ་བ། ཁག་པོ་བཟོ་བ་སོགས་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་ཁྲོད་ཕྱོགས་ཡོངས་ནས་དཔུང་སྡེའི་དཔོན་དམག་ལ་ཞུན་བརྡར་བྱས་ཤིང་། གོང་གི་པར་རིས་ནི་ཟླ་6ཚེས་24ཉིན་དམིགས་བསལ་དམག་འཐབ་རུ་མིས་སྤྱི་ལེ་30ཡི་དྲག་ཆས་མྱུར་སྐྱོད་འཇབ་རྒོལ་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།