འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཁྱབ་ཚུལ་རྣམ་པའི་ནུས་རྒྱུ་གློག་དྲར་རྒྱ་ཁྱབ་ངང་འབྲེལ་མཐུད་བྱེད་པའི་ལག་རྩལ་
    ཞིབ་བཤེར་རྩིས་ལེན་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་རྒྱལ་ཁབ་ཀྱི་863འཆར་འགོད་རྣམ་གྲངས“འདུས་ཚད་ཆེ་བའི་ཁྱབ་ཚུལ་རྣམ་པའི་ནུས་རྒྱུ་སྣོལ་རྒྱུག་དང་ཐད་རྒྱུག་གི་མཉམ་བསྲེས་གློག་དྲ་ཆུང་གྲས་དང་འབྲེལ་མཐུད་བྱེད་པའི་འགག་རྩའི་ལག་རྩལ”ཀྲེ་ཅང་ཧྲང་ཡུས་སུ་ཞིབ་བཤེར་རྩིས་ལེན་ཐུབ་པ་རེད། ལག་རྩལ་དེས་འདུས་ཚད་ཆེ་བའི་ཁྱབ་ཚུལ་རྣམ་པའི་ནུས་རྒྱུ་གློག་དྲར་འབྲེལ་མཐུད་བྱེད་པའི་དཔེ་དབྱིབས་གསར་པ་མཁོ་འདོན་བྱས་ཏེ་འོད་ཤུགས་དང་། རླུང་གློག་སོགས་ནུས་རྒྱུ་གསར་པ་བདེ་འཇགས་དང་བརྟན་པོའི་སྒོ་ནས་གློག་དྲ་ཆེན་པོར་འབྲེལ་མཐུད་བྱེད་པའི་ལག་རྩལ་གྱི་འགལ་རྐྱེན་བསལ་བ་རེད།
           ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ཐད་ལྷག་པའི་གནད་དོན་ལ་སྣང་ཆུང་བྱེད་མི་རུང་། དཔེར་ན། བསྐྱར་སྐྱེས་ནུས་རྒྱུར་བརྟེན་ནས་གློག་འདོན་པའི་བར་གསེང་རང་བཞིན་དང་འཕར་ཆག་རང་བཞིན་གྱིས་གློག་དྲ་བདེ་འཇགས་དང་བརྟན་པོའི་སྒོ་ནས་འཁོར་རྒྱུག་བྱ་རྒྱུར་ཤུགས་རྐྱེན་དང་ཁུར་པོ་ངེས་ཅན་བཟོ་གི་ཡོད་པ་ལྟར་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིས་སྣེ་ཁྲིད་པ་དང་། 2015ལོའི་ཟླ་7པར་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ནས་ཉེ་བའི་ལོ་གསུམ་རིང་ཚད་གཞི་ཁག་གསུམ་བཟོས་པ་དང་། ཁེ་བེད་བདག་ཐོབ་ཁག་44གསར་གཏོད་བྱ་རྒྱུའི་རེ་ཞུ་ཕུལ་བའི་ནང་ཁེ་བེད་བདག་ཐོབ་ཁག་7གསར་གཏོད་བྱ་རྒྱུའི་དབང་ཆ་སྤྲད་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།