འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོ་ཤེས་ཚོར·ཀྲུང་གོའི་ནུབ་རྒྱུད་རིག་གནས་ཧང་ག་རིར་སྤེལ”ཞེས་པའི་བྱེད་
    སྒོ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན“2018ལོའི་ཀྲུང་གོ་ཤེས་ཚོར·ཀྲུང་གོའི་ནུབ་རྒྱུད་རིག་གནས་ཧང་ག་རིར་སྤེལ”ཞེས་པའི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང“ཡིད་དབང་འཕྲོག་པའི་དར་གོས་ལམ་བུའི”གླུ་གར་འཁྲབ་སྟོན་པུ་ཏ་ཕེ་སིའི་ལ་མུའུ་འཛིང་རེས་ར་བར་གཟབ་རྒྱས་ངང་འགོ་ཚུགས་པ་དང་ས་གནས་དེའི་སྲིད་དོན་གྱི་གལ་ཆེའི་མི་སྣ་དང་དེ་བཞིན་ལས་རིགས་ཁག་གི་མི་སྣ་600ལྷག་ཙམ་ཞུགས་ཡོད་པ་རེད།
         ཉིན་དེའི་དགོང་མོར་ཀན་སུའུ་ཞིང་ཆེན་གླུ་གར་ཟློས་གར་ཁང་གི་སྒྱུ་རྩལ་པས་ལྟད་མོ་བ་ཚོར་དར་གོས་རིག་གནས་བརྗོད་དོན་གཙོ་བོར་བྱེད་པའི“ཡིད་དབང་འཕྲོག་པའི་དར་གོས་ལམ་བུའི”མི་རིགས་གླུ་གར་འཁྲབ་སྟོན་བྱས་ཡོད།
         “ཀྲུང་གོ་ཤེས་ཚོར·ཀྲུང་གོའི་ནུབ་རྒྱུད་རིག་གནས་སྤེལ”ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཕྱི་ཕྱོགས་ལ་ཀྲུང་གོའི་རིག་གནས་དང་ལྷག་དོན་དུ་དར་གོས་ལམ་བུའི་རིག་གནས་བརྒྱུད་སྤེལ་བྱ་ཆེད་བཏོད་པའི་སྤུས་རྟགས་ཤིག་ཡིན། ད་ཐེངས་ཀྱི་བྱེད་སྒོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཧང་ག་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།