འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱིས་གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་མུའུ་ དུང་ཕྱུར་15.5དབྱེ་འབྱེད་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན་ནི་རྒྱལ་ཡོངས་ཀྱི“ས་གཞིའི་ཉིན་མོ”ཐེངས་28པ་ཡིན་ཞིང་། རང་བྱུང་ཐོན་ཁུངས་པུས་རྒྱལ་ཡོངས་སུ“ས་ཆའི་ཐོན་ཁུངས་ལ་གཅེས་སྤྲས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས་སྤེལ་བ་རེད། ཧྲེན་ཀྲེན་དུ་འཚོགས་པའི་རྒྱལ་ཡོངས་ཀྱི“ས་གཞིའི་ཉིན་མོའི”བཞུགས་མོལ་ཚོགས་འདུའི་ཐོག་རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཀོང་ཧྭ་ཡིས་2017ལོའི་ལོ་མཇུག་ཏུ་རྨོ་ཞིང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་20.23ཟིན་པའི་ནང་ནས་གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་མུའུ་དུང་ཕྱུར་15.5དབྱེ་འབྱེད་གཏན་འཁེལ་བྱས་པ་དང་འབྲེལ་དམིགས་བསལ་སྲུང་སྐྱོང་བྱས་པ་དང་། ས་ཆ་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ་དང་འབྲེལ་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་4.8བསྐྲུན་པས་རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྣོད་བཅུད་བཅས“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོང་རྣམ་པ་གསར་པ་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
             “ཆེས་ནན་ཤོས་ཀྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་རྨོ་ཞིང་གི་དམར་ཐིག་བརྟན་པོ་སྲུང་དགོས”ཝང་ཀོང་ཧྭ་ཡིས་རྨོ་ཞིང་དོ་དམ་ཚོད་འཛིན་རང་བཞིན་གྱིས་སྲུང་སྐྱོང་ནན་པོ་བྱས་ཏེ“ས་ཆ་མི་བཟུང་བ་དང་ཉུང་ཙམ་བཟུང་རྒྱུ”གང་ཐུབ་ཅི་ཐུབ་བྱེད་པ་དང་། རྨོ་ཞིང་དགེ་མཚན་ལྡན་པའི་ངང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ“ཁ་གསབ་འདང་ངེས་དང་ཁ་གསབ་གང་ལེགས་པོ་ཐུབ་པ”བྱེད་པ། རྨོ་ཞིང་ལྕག་སྐུལ་རང་བཞིན་གྱིས་སྲུང་སྐྱོང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས“ཁེ་ཕན་སྙོམ་སྒྲིག”ཡག་པོ་བྱེད་པ། རྨོ་ཞིང་སྲུང་སྐྱོང་དཔྱད་ཞིབ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ“དམིགས་ཚད་འགན་འཁྲི”དོན་འཁྱོལ་བྱེད་པ་དང་རྨོ་ཞིང་གི་དམར་ཐིག་ཏན་ཏིག་སྲུང་བ་བཅས་བྱས་ནས་རྨོ་ཞིང་བདག་ཚད་དང་གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་གི་རྒྱ་ཁྱོན་ཆུང་དུ་མི་འགྲོ་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། སྣོད་བཅུད་ལེགས་སུ་གཏོང་བ་བཅས་བྱེད་ཐུབ་པ་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།
               ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་ས་ཆ་གྲོན་ཆུང་ངང་སྤྱོད་པའི་ལམ་ལུགས་ཆེས་ནན་ཤོས་མཐའ་འཁྱོངས་བྱས་པས་ས་ཆ་སྤྱོད་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་རྩིས་གཞིའི་GDPའཛུགས་སྐྲུན་ལ་ས་ཆ་སྤྱོད་ཚད་24.18%ཆག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།