འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས"གྲོང་ཚོ(སྡེ་ཁུལ)རེ་ལ་བཅའ་ཁྲིམས་བློ་འདྲི་བ་རེ"ཡོད་པར་བྱས་ནས་
    གཞི་རིམ་གྱི་འགལ་རྩོད་སེལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། “ཁྲིམས་རྩོད་པ་ཝང་ལགས། ངའི་བུ་ལས་ཀ་བྱེད་སར་ལས་རྨས་ཕོག་ཀྱང་། ཁོ་ཚོས་ད་བར་སྨན་བཅོས་གྲོན་དངུལ་སྒོར་གཅིག་ཀྱང་སྤྲད་མ་བྱུང་། ད་གང་འདྲ་བྱེད་དགོས་སམ། ཐབས་ཤེས་ཤིག་བསླབ་རོགས”མཚོ་སྔོན་ཡན་ཧུའེ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་ཝང་ཡན་ཧུའེ་ལ་རྒྱུན་དུ་དེ་ལྟ་བུའི་ཁ་པར་འབྱོར་གྱི་ཡོད་པས། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཁྲེང་ཀོན་གྲོང་རྡལ་ཀ་ཀྲོང་གྲོང་ཚོའི་བཅའ་ཁྲིམས་སྐོར་གྱི་བློ་འདྲི་ས་ཡིན་པའི་ཆ་ནས། ཁོང་གིས་ཟླ་རེར་དུས་བཀག་ལྟར་གྲོང་ཚོར་བསྐྱོད་དེ་མང་ཚོགས་ཚོར་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཆབས་ཅིག གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་ལ་རོཌ་རམ་བྱས་ནས་གྲོང་སྲོལ་དམངས་ཆིངས་བཟོ་བ་དང་། འགལ་རྩོད་འདུམ་འགྲིག་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲཌ་སོཌ་ཀྱི་ལས་འགན་འཁུར་ཡོད་པ་རེད།
            གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་གསལ། 2015ལོར“གྲོང་ཚོ(སྡེ་ཁུལ)རེ་ལ་བཅའ་ཁྲིམས་བློ་འདྲི་བ་རེ”ཡོད་པར་བྱེད་པའི་ལས་དོན་སྤེལ་བ་ནས་བཟུང་། མཚོ་སྔོན་ལ་མིག་སྔར་གྲོང་ཚོ་དང་སྡེ་ཁུལ་གྱི་བཅའ་ཁྲིམས་སྐོར་གྱི་བློ་འདྲི་ས་876ཡོད་ལ། ཁོང་ཚོས་བཅའ་ཁྲིམས་ཞབས་ཞུ་རུ་ཁག་གི་བཅའ་ཁྲིམས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཁར། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཧུར་ཐག་ཞུགས་པ་དང་། བཅའ་ཁྲིམས་ཐོན་ཁུངས་བསྡུ་སྒྲིལ་དང་གཙོ་གནད་གཤམ་སྐྱོད་ལ་སྐུལ་འདེད་བཏང་བས། གཞི་རིམ་རྩ་འཛུགས་ཀྱི་ཁོངས་མི་དང་རྒྱ་ཆེའི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད་པ་རེད།
           མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་པོ་ལིན་གྱིས། མཚོ་སྔོན་གྱི་རིམ་ཁག་ཁྲིམས་འཛིན་སྡེ་ཚན་གྱིས་དུས་འགོའི་བརྟག་ཞིབ་བྱས་པ་བརྒྱུད། གྲོང་གསེབ་འབྲོག་ཁུལ་གྱི་བཅའ་ཁྲིམས་ཐོན་ཁུངས་ལྟོས་བཅས་ཀྱིས་ཉུང་བ་དང་། འགལ་རྩོད་སྣ་ཚོགས་སྲིད་གཞུང་ཁོ་ནར་བརྟེན་དགོས་སྟབས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་མ་བྱུང་བའམ་ཡང་ན་ཐག་གཅོད་ཡག་པོ་མ་བྱུང་པས། ཐ་ན་ཐོལ་བྱུང་དོན་རྐྱེན་ཡང་ཐོན་སྲིད་པ་ཤེས་རྟོགས་བྱུང་བ་དང་། བཅའ་ཁྲིམས་སྐོར་གྱི་བློ་འདྲི་བར་ལས་རིགས་ཀྱི་ལེགས་ཆ་དང་ཆེད་ལས་ཤེས་བྱ་ལྡན་པས། ཁོ་ཚོས་དུས་ཡུན་རིང་པོར་གཞི་རིམ་ལ་ཁ་ཕྱོགས་ནས་གཟུར་གནས་གྱི་ཕྱོགས་གསུམ་པའི་ཆ་ནས་ཞིབ་ཕྲའི་ལས་དོན་ཁག་ལ་དུས་ཐོག་ཏུ་ཐེ་ཇུས་བྱས་ཚེ། ཏང་ཨུད་དང་སྲིད་གཞུང་ལ་རོགས་འདེགས་ཐུབ་ནས་སྤྱི་ཚོགས་གྱི་འགལ་རྩོད་འགོ་ཁུངས་སམ་རྩ་བ་ནས་སྔོན་འགོག་ཉུང་གཏོང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
           མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)4605ལས་གྲོང་ཚོ་3463ལ་བཅའ་ཁྲིམས་སྐོར་གྱི་བློ་འདྲི་བ་ཡོད་པས་གྲོང་ཚོ་ཡོངས་ཀྱི་75%ཟིན་པ་དང་། 2018ལོའི་ལོ་མཇུག་ཏུ་སླེབས་སྐབས། གྲོང་ཚོ་100%ཚང་མར་བཅའ་ཁྲིམས་སྐོར་གྱི་བློ་འདྲི་བ་ཁྱབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།