འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་ས་མཐོའི་མེ་འཁོར་མགོས་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་
    ཁྲིད་འཐེན་ལས་ཀའི་འགན་དངོས་སུ་ཁུར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་འཁོར་ཏ་ལན་མེ་འཁོར་མགོའི་རླངས་འཁོར་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པའི་HXN3དབྱིབས་ཀྱི་ས་མཐོའི་མེ་འཁོར་གྱི་མགོས་ཉེ་དུས་གོར་ལྷ་དུམ་བུར་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར་ཆ་12ཁྲིད་འཐེན་གྱི་ལས་འགན་དངོས་སུ་ཁུར་བ་ཁྱབ་བསྒྲགས་བྱས་པ་ལས། ཀྲུང་གོས་ཐོན་སྐྱེད་བྱས་པའི་ས་མཐོའི་མེ་འཁོར་གྱི་མགོས་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི(ལྷ་ས་ནས་གོར་མོ་བར)ཡུལ་སྐོར་བའི་མེ་འཁོར་ཁྲིད་འཐེན་གྱི་ལས་འགན་དངོས་སུ་ཁུར་བ་མཚོན་ཐུབ། དེ་གོང་ལྷ་གོར་དུམ་བུའི་ཁྲིད་འཐེན་ལས་འགན་དེ་ནང་འདྲེན་བྱས་པའིNJ2དབྱིབས་ཀྱི་མེ་འཁོར་གྱིས་འཁུར་གྱི་ཡོད་པ་རེད།
          2014ལོའི་ཟླ་8པར་ལྷ་གཞིས་ལྕགས་ལམ(ལྷ་ས་ནས་གཞིས་རྩེ་བར)ཤར་གཏོང་ཐུབ་སྐབས་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་མེ་འཁོར་གྱི་མགོ་འཛམ་གླིང་ཡང་རྩེར་ཐོག་མར་སྤྱད་པ་དང་། དེ་དུས་བདམས་པ་ནི་དབྱིབས་དེའི་ནུས་པ་ལྡན་པའི་མེ་འཁོར་གྱི་མགོ་ཡིན་པ་རེད། གོར་ལྷ་དུམ་བུ་གནས་ཡུལ་གྱི་ས་གཤིས་ཁོར་ཡུག་ལྷ་གཞིས་དུམ་བུ་ལས་ཞན་པ་དང་། སྐྱེལ་འདྲེན་གྱི་ལམ་ཐག་དེ་བས་རིང་བ། ས་བབ་མཐོ་ཤོས་སྨི་5072ཟིན་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་གོར་ལྷ་དུམ་བུའི་ཁྲིད་འཐེན་གྱི་ལས་འགན་འཁུར་བའིHXN3དབྱིབས་ཀྱི་ས་མཐོའི་མེ་འཁོར་གྱི་མགོ་ནི་ཀྲུང་འཁོར་ཏ་ལེན་མེ་འཁོར་མགོའི་རླངས་འཁོར་ཚད་ཡོད་ཀུང་སིས་ཀྲུང་གོའི་ས་མཐོའི་དམིགས་བསལ་ས་གཤིས་ཁོར་ཡུག་ལ་གཞིགས་ནས་ཞིབ་བཟོ་བྱས་པའི་ནུས་ཆེའི་སྤེལ་རེས་བརྒྱུད་སྒུལ་གྱི་ནང་འབར་མེ་འཁོར་གྱི་མགོ་ཞིག་རེད། མེ་འཁོར་གྱི་མགོ་དེར་ནུས་པ་ཆེ་བ་དང་། གྲུབ་ཆ་སྟབས་བདེ་བ། བློས་འགེལ་ཆོག་པ། ཉམས་བཟོ་བྱེད་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།
          ས་གནས་དེ་གའི་ཁོར་ཡུག་གི་དགོས་མཁོ་དང་འཚམ་ཆེད། མེ་འཁོར་གྱི་མགོ་དེའི་ཁྲའེ་ཡིའུ་འཕྲུལ་འཁོར་ལ་ས་མཐོའི་དབྱིབས་ཀྱི་གནོན་སྐྱེད་ཡོ་ཆས་སྤྱད་པ་དང་ས་བབ་མཐོ་ཚད་དང་ཁོར་ཡུག་གི་དྲོད་ཚད་ལ་འགྱུར་ལྡོག་འགྲོ་སྐབས་ཁྲའེ་ཡིའུ་འཕྲུལ་འཁོར་གྱི་ནུས་པ་འདོན་ཚད་ལ་རང་འགུལ་ངང་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག་མེ་འཁོར་གྱི་མགོ་དེས་སྨུག་ཕྱིའི་འོད་ཟེར་ཤུགས་ཆེན་པོ་དང་། མཁའ་རླུང་ཞན་པ། གྲང་ལ་གསོ་རླུང་མི་འདང་བ། གྱེན་ལམ། ཟམ་པ་དང་ཕུག་ལམ་མང་བ་སོགས་ཁོར་ཡུག་གི་ཤུགས་རྐྱེན་ངན་པ་མང་དག་ཅིག་འགོག་ཐུབ་ནས་མཚོ་བོད་ལྕགས་ལམ་གྱི་ཤིན་ཏུ་བསྒྲུབ་དཀའ་བའི་ཁྲིད་འཐེན་རེ་བ་སྐོང་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།