འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྲོལ་རྒྱུན་ལག་ཤེས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སྲོལ་རྒྱུན་ལག་ཤེས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་སྤེལ་འགག་གནད་དུ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མའི་ལས་ཞུགས་ལ་སྐུལ་འདེད་བཏང་བ་ལས་དངུལ་སྨར་ཡོང་འབབ་མང་དུ་སོང་ཡོད། བོད་ཞྭའི་བཟོ་རྩལ་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་དགའ་ཚལ་གྲོང་ཚོའི་གྲོང་མི་པ་སངས་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ་པ་བྱུང་བ་མ་ཟད་གྲོང་ཚོའི་གྲོང་མི་སྒྲིག་འཛུགས་བྱས་ནས“གངས་ལྗོངས་བོད་ཞྭ”ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཚོང་རའི་དགོས་མཁོ་ཡང་ཆེན་པོ་ཡོད་པས་གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་སྣེ་ཁྲིད་བྱ་ཆེད་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།