འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོམ་ཕུ་ཡིས་ཨ་རི་རྒྱལ་ཁབ་ཀྱིས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གྱིས་འཇིགས་སྐུལ་ལ་ད་ནས་
    སྐྲག་དགོས་དོན་མེད་ཅེས་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས། ཁོང་དང་ཁོ་རེ་ཡ་བྱང་མ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ཐུག་འཕྲད་བྱས་རྗེས་སུ། ཨ་རིར་དེ་ནས་བཟུང་ཁོ་རེ་ཡ་བྱང་མས་ཉིང་རྡུལ་འཇིགས་སྐུལ་ལ་སྐྲག་དགོས་དོན་མེད་ཅེས་བཤད།
         སིང་ཀ་ཕོར་དུ་ཅིན་ཀྲེང་ཨེན་དང་ཐུག་འཕྲད་བྱས་རྗེས་སུ། ཐེ་རོམ་ཕུ་ཚེས་13ཉིན་གྱི་སྔ་དྲོར་ཨ་རིར་ཕྱིར་ལོག་པ་རེད། ཐེ་རོམ་ཕུ་གནམ་གྲུ་ཐང་དུ་འབྱོར་རྗེས། སྨྱན་སྦྱོར་ཁང་བརྒྱུད་ནས། ཁོང་དང་ཅིན་ཀྲེང་ཨེན་ཐུག་འཕྲད་ནི"དོན་སྙིང་ལྡན་ཞིང་གྲུབ་འབྲས་ཡག་པོ་ཐོབ" ཁོ་རེ་ཡ་བྱང་མར་མི་མངོན་པའི་ཤུགས་ཆེན་པོ་ལྡན། ང་རང་གིས་ཙུང་ཐུང་འགན་བཞེས་པའི་དུས་དང་བསྡུར་ན། ད་ལྟར་མི་སོ་སོར་བདེ་ལྷོད་ཀྱི་སྣང་བ་ཆེན་པོ་སྣང་། ད་ནས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་གྱི་འཇིག་སྐུལ་ལ་སྐྲག་དགོས་དོན་མེད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།