འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་20ལས་འགལ་བའི་རེ་བ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ལྗང་མདོག་ཟས་རིགས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་རྒྱལ་ཡོངས་ཐེངས་དང་པོའི་ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་ཐོ་བཀོད་རིགས་གཅིག་མཁས་དབང་དཔྱད་ཞིབ་ཚོགས་འདུ་འཚོགས་པ་དང་བསྟུན་ནས། བོད་ལྗོངས་ཀྱི“སྣང་རྫོང་གི་སུར་པན”དང“ཀོང་པོ་རྒྱ་མདའི་བོད་ཕག” “ལྷ་སའི་བྱ་དེ་དཀར་པོ” “གཟི་ཕུག་ནོར་གནག” “མཚོ་ཆེན་ཁུ་ལུ་སྨུག་པོ” “ཞང་ཞུང་བལ་རྒྱུ་འཇམ་པའི་ལུག”བཅས་ཐོན་རྫས་6རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་པ་བརྒྱུད་ནས་བདེ་བླག་ངང་ཆོག་མཆན་ཐོབ་ཡོད། དེར་བརྟེན་བོད་ལྗོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་གྲངས་འབོར་ཁྱོན་19ཟིན་པ་དང་། 2017ལོ་དང་2018ལོར་ཐོན་རྫས་9ལ་ཆོག་མཆན་ཐོབ་ཡོད་པས་སྤྱིའི་ཆ་ནས་འདས་པའི་ལོ་བཅུའི་བསྡོམས་འབོར་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། བོད་ལྗོངས་ཀྱི་སྤུས་ཚད་ཡག་པའི་ཞིང་ལས་དང་ལྗང་མདོག་གི་ཞིང་ལས། སྤུས་རྟགས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་བརྒྱུད་ནས་རྩ་ཆག་དང་ཁ་གསབ་ཀྱི་རོགས་སྐྱོར་ལག་བསྟར་བྱས་ཏེ། “སྤུས་ཚད་གསུམ་དང་མཚོན་རྟགས་གཅིག”ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། མིག་སྔར་བོད་ལྗོངས་སུ་ཁྱོན་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་22དང་། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་རིགས་105དང་། ལྗང་མདོག་ཟས་རིགས་35 སྐྱེ་ལྡན་ཞིང་ལས་ཐོན་རྫས་13 ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་ཐོ་བཀོད་བྱས་པ19བཅས་ཡོད། ལྷག་པར་དུ་ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་མགྱོགས་མྱུར་ངང་འཕར་བ་དང་། ཉེ་བའི་ལོ་གཉིས་ནང་ལྡབ་འཕར་ཡོང་རྒྱུ་མངོན་འགྱུར་བྱུང་བ་མ་ཟད་དེས་ས་ཁུལ་དང་གྲོང་ཁྱེར་གཉིས་སུ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་མེད་པའི་སྟོང་ཆ་བསྐངས་ཡོད། མིག་སྔར་བོད་ལྗོངས་ནག་ཆུ་དང་ཆབ་མདོ་གཉིས་སུ་ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་ཀྱི་ཐོན་རྫས་མེད།
    ཝང་ཧའེ་ཡིས་ལོ་སྨད་དུ་ད་དུང་ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་གཉིས་ཡན་རེ་ཞུ་བྱ་རྒྱུ་དང་འདི་ལོ་ཞིང་ལས་ཐོན་རྫས་ཀྱི་ས་བབས་མཚོན་རྟགས་20ལས་བརྒལ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།