འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྨ་ཆུའི་ཆུ་འགོ་མཁར་ཆུ་དུམ་བུའི་ཆུ་ཆུང་དུ་ཕྱིན་ནས་ཉ་ཁྲི་4ཙམ་ལ་ཉེན་ཁ་འཕྲད་པ་ས་གནས་
    དེས་ནུས་ཤུགས་ཡོད་རྒུས་སྐྱོབ་ཐབས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྨ་ཆུའི་ཆུ་འགོ་མཁར་ཆུ་དུམ་བུའི་ཆུ་ཆུང་དུ་ཕྱིན་ནས་ཉ་ཁྲི་4ཙམ་ལ་ཉེན་ཁ་འཕྲད་པས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐབས་ཤེས་གང་ཡོད་ཀྱིས་སྐྱོབ་ཐབས་བྱས་པས་མིག་སྔར་ཉ་ཕལ་ཆེ་བ་ཉེན་ཁ་ལས་ཐར་བ་རེད།
          “རྨ་ཆུའི་ཆུ་འགོར་འཚོ་སྡོད་བྱེད་མཁན་ཉ་རིགས་ཅུང་མང་བའི་ནང་ཁག་གཅིག་ནི་ས་ཆ་དེ་ཁོ་ནར་མ་གཏོགས་མེད་པའི་ཉ་རིགས་ཤིག་ཡིན་པས་《ཀྲུང་གོའི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ་》ནང་བཅུག་ཡོད”གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཆུ་དམར་ལེབ་དོ་དམ་ཁྲུའི་ཀྲུའུ་རེན་གཞོན་པ་ཧན་ཅན་ཝུའུ་ཡིས“ད་ཐེངས་ཉེན་ཁ་འཕྲད་པའི་ཉའི་ཁྲོད་ཀྱི་ཉ་རིགས་ཁ་ཤས་རྩ་ཆེའི་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད”ངོ་སྤྲོད་བྱས།
          ཧན་ཅན་ཝུའུ་ཡིས་དབྱར་དུས་སུ་ས་མཐོར་ཉི་འོད་འཕྲོ་ཤུགས་ཆེ་བ་དང་དྲོད་ཚད་རིམ་བཞིན་འཕར་བས་ཉ་རིགས་ལ་གནོད་སྐྱོན་ཕོག་ཉེན་ཆེ་རུ་འགྲོ་གི་ཡོད་རྐྱེན་རྒྱལ་ཁབ་སྤྱི་གླིང་གི་ལས་དོན་མི་སྣས་ཁུལ་དེའི་ཆུ་རྒྱུན་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་རྒྱུན་མཐུད་ངང་དོ་ཁུར་ཟབ་མོ་བྱས་ཏེ་ཉ་རིགས་ལ་སྲུང་སྐྱོང་བྱ་རྒྱུ་རེད་ཅེས་བཤད།
     
      

    ཕྱོགས་བསྡུས་གསར་འགྱུར།