འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་གཙོ་གནད་དང་དཀའ་གནད་ཕུག་ལམ།
    བདེ་སྐྱིད་ཕུག་ལམ་ཏལ་འབིགས་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། འཛུགས་སྐྲུན་པས་ལོ་གསུམ་ཙམ་འབད་འཐབ་བྱས་པ་བརྒྱུད་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ལམ་ཐིག་ཡོངས་ཀྱི་གཙོ་གནད་དང་དཀའ་གནད་ཕུག་ལམ་གྲས་ཤིག་ཡིན་པའི་བདེ་སྐྱིད་ཕུག་ལམ་ཚེས་6ཉིན་གྱི་སྔ་དྲོ་དངོས་སུ་ཏལ་འབིགས་ཐུབ་པ་རེད།
           བདེ་སྐྱིད་ཕུག་ལམ་གྱི་རིང་ཚད་ཡོངས་ལ་སྤྱི་ལེ་1.715ཡོད་པ་དང་2015ལོའི་ཟླ་7པར་ལས་འགོ་བཙུགས་པ་རེད།
           ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཐོན་སྒོ་ལྷ་ས་གྲོང་ཁྱེར་ནས་ཡིན་པ་དང་མཐའ་སྣེ་ཉིང་ཁྲི་གྲོང་ཁྱེར་དུ་ཡིན་ཞིང་། ཡར་ཀླུང་གཙང་པོ་བརྒྱུད་བསྐྲུན་པ་དང་ལྕགས་ལམ་གྱི་ལམ་ཐིག་ཡོངས་ལ་སྤྱི་ལེ་402ཡོད་པ་དེ་ནི་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་ཡིན་པའི་ནང་ཟམ་ཕུག་གི་སྤྱིའི་རིང་ཚད་སྤྱི་ལེ་301ཡོད་པ་རེད། མིག་སྔར་ལམ་ཐིག་ཡོངས་ཀྱི་ཟམ་པ་དང་ཕུག་ལམ་བསྐྲུན་རྒྱུ་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།