འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་སྲིད་གཞུང་གི་དྲ་ཚིགས་སྤྱི་ཡོངས་ནས་ཚད་ལོན་ཚད་93.3%ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན། ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་འདི་ལོའི་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་དྲ་ཚིགས་ཀྱི་འཐེན་བཤེར་གནས་ཚུལ་བརྡ་ཁྱབ་ཐེངས་གཉིས་པ་བཏང་བ་དང་། གྲངས་གཞི་ལས་མངོན་པར། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་དྲ་ཚིགས་སྤྱི་ཡོངས་ནས་ཚད་ལོན་ཚད་93.3%ཟིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཟླ་5ཚེས་14ནས་25ཉིན་བར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་དྲ་ཚིགས་224ལ་འཐེན་བཤེར་བྱས་པ་དང་དེས་ཞིང་ཆེན་ཡོངས་ཀྱི་འཁོར་སྐྱོད་རྒྱུན་གཏན་ཡིན་པའི་དྲ་ཚིགས་ཀྱི་བསྡོམས་འབོར་གྱི་32.5%བཟུང་ཡོད། འཐེན་བཤེར་བྱེད་ཁོངས་སུ་གྲོང་ཁྱེར་དང་ཀྲོའུ་དང་། རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་དང་གྲོང་ཁྱེར་རིམ་པའི་སྲིད་གཞུང་སྡེ་ཚན་གྱི་དྲ་ཚིགས་ཁ་ཤས་དང་དེ་བཞིན་འདི་ལོའི་དུས་ཚིགས་དང་པོའི་འཐེན་བཤེར་ཚད་མ་ལོན་པའི་ཞིང་ཆེན་སྲིད་གཞུང་སྡེ་ཚན་གྱི་གཙོ་ཆེའི་དྲ་ཚིགས་14ཚུད་ཡོད། གཞན་ཡང་དྲ་ཚིགས་15ཚད་མ་ལོན་པ་དང་། སྤྱི་ཡོངས་ནས་ཚད་ལོན་ཚད་93.3%ཟིན་ཡོད། གྲོང་ཁྱེར་དང་ཀྲོའུ་དང། རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་སྲིད་གཞུང་གི་དྲ་ཚིགས་210ཡི་ཁྲོད་ནས་11ཚད་མ་ལོན་པ་དང་ཚད་ལོན་ཚད་94.8%ཟིན་ཡོད་པ་རེད།
         ད་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་14དང་། ལན་ཀྲོའུ་ཁུལ་གསར་དོ་དམ་ཨུ་ལྷན། རྫོང་རིམ་པའི་སྲིད་གཞུང་86གི་གཙོ་ཆེའི་དྲ་ཚིགས་དང་ཞིང་ཆེན་སྲིད་གཞུང་སྡེ་ཚན་གྱི་དྲ་ཚིགས་ཚང་མས་དྲ་བའི་དབུ་ཤོག་གི་མངོན་གསལ་དོད་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་གལ་ཆེན་བརྒྱུད་འགོད་ཀྱི་ཆེད་བསྒྲིགས་ལེ་ཚན་བཏོན་ནས་དུས་ཐོག་ཏུ་ཆ་འཕྲིན་གལ་ཆེན་བརྒྱུད་འགོད་བྱས་ཡོད། འོན་ཀྱང་ཞིང་ཆེན་ཐད་གཏོགས་སྡེ་ཚན་ཁག་གཅིག་ལ་དུས་ཐོག་ཏུ་བརྒྱུད་འགོད་མ་བྱས་པ་དང་དྲ་ཚིགས་ཀྱི་བརྒྱུད་འགོད་ཡོང་ཁུངས་གནད་ལ་འཁེལ་པོ་མ་བྱུང་བའི་གནས་ཚུལ་སྔར་བཞིན་ལྷག་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གིས“སྲིད་གཞུང་དྲ་ཚིགས་ཀྱི་སྐྱོན་ཆ་ང་ཡིས་འཚོལ”ཞེས་པའི་ལན་འཕྲིན་སྒྲུབ་གཉེར་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཟླ་3ཚེས་1ཉིན་ནས་ཟླ་5ཚེས་28ཉིན་བར“སྲིད་གཞུང་དྲ་ཚིགས་ཀྱི་ནོར་འཁྲུལ་ཡོ་བསྲང་ལས་སྟེགས”བརྒྱུད་བསྡོམས་གོ་ཆོད་ལན་འཕྲིན་226སྒྲུབ་གཉེར་བྱས་པ་དང་། ལས་ཀ་སྒྲུབ་ཡུན་ཉིན་མོ་3ལ་བརྩིས་པ་དང་། དུས་བཀག་ལྟར་སྒྲུབ་གཉེར་མ་བྱས་པའི་ལན་འཕྲིན་16ལས་མེད་པས། དུས་བཀག་ནང་སྒྲུབ་གཉེར་བྱེད་ཚད་97.2%ཟིན་ཡོད། ལན་ཀྲོའུ་དང་ཕིང་ལེང་གྲོང་ཁྱེར་གཉིས་ཀྱི་སྒྲུབ་གཉེར་བྱེད་ཚད་88%དང་71.4%ཡིན་པ་ཕུད། དེ་བྱིངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཚང་མའི་དུས་བཀག་ནང་སྒྲུབ་གཉེར་བྱེད་ཚད་100%ཟིན་ཡོད་པ་རེད།
         འཐེན་བཤེར་བྱས་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དང་ཀྲོའུ་དང་སྡེ་ཚན་གྱི་དྲ་ཚིགས་ཁ་ཤས་ལ་ད་དུང་གནད་དོན་མངོན་གསལ་དོད་པ་དང་དོ་དམ་ནན་པོ་མེད་པ་དང་། དྲ་བའི་དབུ་ཤོག་ཡུན་རིང་གསར་བརྗེས་མི་བྱེད་པ་དང་། སྟོང་པར་འཇོག་པའི་ལེ་ཚན་5ལས་བརྒལ་བ། ལེ་ཚན་མང་པོ་ཞིག་དུས་ཐོག་ཏུ་གསར་བརྗེས་མི་བྱེད་པ་སོགས“ཕྱོགས་གཅིག་ཡག་པོ་མ་བྱུང་བའི”གནད་དོན་ལྷག་ཡོད། “ཆིང་ཡང་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས”ཀྱི་དྲ་ཚིགས་ཀྱི་དབུ་ཤོག་ཡུན་རིང་པོ་གསར་བརྗེས་མ་བྱས་པ་དང་། “ཅིའུ་ཆོན་སྤྱི་བདེའི་དྲ་བ”སོགས་དྲ་ཚིགས་4ཡི་སྟོང་པར་འཇོག་པའི་ལེ་ཚན་5ལས་བརྒལ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།