འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་
    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་རི་ནེ་ཝའི་ཕྱོགས་མང་ཕྱི་འབྲེལ”
    གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་སྐུ་ཚབ་ཡུས་ཅན་ཧྭ་ཡིས་ཚེས་5ཉིན“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་རི་ནེ་ཝའི་ཕྱོགས་མང་ཕྱི་འབྲེལ”གྱི་བཞུགས་མོལ་ཚོགས་འདུ་རི་ནེ་ཝར་གཙོ་སྐྱོང་བྱས་ནས་འཚོགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་ངོ་སྤྲོད་གཏིང་ཟབ་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འགན་ཁུར་བ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་པ། རིག་གཞུང་སྒྲིག་གཞིའི་སྐུ་ཚབ་སོགས་40ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
         ཡུས་ཅན་ཧྭས་ཚོགས་ཞུགས་མི་སྣར་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་བམ་པོ་གཉིས་པའི་ནང་དོན་གཙོ་བོ་ངོ་སྤྲོད་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་གསལ་འགྲེལ་བྱས་པ་རེད།
          ཁོང་གིས་ཞི་ཅིན་ཕིང་གི་དགོངས་པས་དུས་རབས་གསར་པའི་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་དགོས་པ་གསལ་པོ་བཏོན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་དང་འབྲེལ་ཇི་ལྟར་བྱས་ནས་བརྗིད་ཆེའི་དམིགས་ཚད་དེ་མངོན་འགྱུར་བྱ་ཆེད་གནད་ལ་འཕིགས་པའི་རྒྱས་བཤད་གནང་ཡོད། ཀྲུང་གོས་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་བླང་བྱ་མངོན་པ་དང་ལམ་ལུགས་དེའི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་གོང་བཀུར་དང་མི་དམངས་ཀྱིས་བརྩི་བཀུར་བྱེད་སའི་ངོ་གནོང་མི་དགོས་པའི་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་རེད། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བྱ་གཞག་གི་འགན་ཁུར་བ་དེ་ནི་ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་འཆང་བ་ཞིག་རེད་ལ་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་གི་བློ་རྒྱ་བཅས་ལས་བྱུང་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོའི་སྒོ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་དགོངས་པ་གལ་ཆེན་བཏོན་གནང་ནས་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་མིའི་རིགས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་རྩ་ཆེའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་གནང་ཡོད་ཅེས་བརྗོད།
         ཡུས་ཅན་ཧྭ་ཡིས་ཀྲུང་གོ་ནི་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་པ་དང་། འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པས་འཕེལ་རྒྱས་གཏོང་རྒྱུ་ནི་སྔར་བཞིན་ཀྲུང་གོའི་ལས་འགན་ཨང་དང་པོ་དེ་རེད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བཅས་རེད། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་དེ་བས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ཀྱི་གོ་སྐབས་མང་པོ་མཁོ་འདོན་བྱ་རྒྱུ་རེད། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་དེས་ཚང་མས་དེ་བས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་འདུ་ཤེས་དང་སྲིད་སྐྱོང་མཛད་ཇུས་ཤེས་རྟོགས་བྱེད་རྒྱུར་རོགས་རམ་ཐུབ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་ཀྱི་ལམ་བུ། འཕེལ་རྒྱས་ཀྱི་ཉམས་མྱོང་བཅས་ལ་གོ་བ་ལེན་པ་དང་ངོས་འཛིན་བྱེད་ཟབ་ཏུ་འགྲོ་རྒྱུ་དང་འབྲེལ་ཀྲུང་གོས་འཛམ་གླིང་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་ཆེད་བསམ་འཆར་དང་གྲོས་འགོ་རྩ་ཆེན་འདོན་རེ་ཡོད་ཅེས་བསྟན་པ་རེད།
         ཚོགས་ཞུགས་སྐུ་མགྲོན་གྱིས་གཏམ་བཤད་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་དང་། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། ཁྲིམས་སྐྱོང་འཛུགས་སྐྱོང་། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་རྒྱལ་སྤྱིའི་མཉམ་ལས། ཚན་རྩལ་གསར་གཏོད་སོགས་ཀྱི་གྲོས་འགོར་གྲོས་བསྡུར་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་དྲུང་ཆེ་ཅི་ཐུ་དབྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཏ་ཝོ་སིར་གཏམ་བཤད་གནང་སྐབས་ལོ་རྒྱུས་ཀྱི་འགག་རྩའི་མཚམས་ཚིག་དམ་འཛིན་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་བྱ་ཆེད་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཐག་གཅོད་བསམ་ཕྱོགས་དང་བྱ་ཐབས་མཁོ་འདོན་གནང་ཡོད་ཅེས་བརྗོད།
         སུའེ་ཙེར་གྱི་རྒྱ་རིག་པ་མཁས་ཅན་ཧྲེང་ཡ་ལུའེ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲེ་མཐོ་རིམ་བློ་འདྲི་བ་མའེ་ཁུ་ཁེ་སོགས་ཀྲུང་གོའི་གནད་དོན་རིགས་གཅིག་མཁས་ཅན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རིགས་པའི་གཞུང་ལུགས་རྒྱུན་འཛིན་བྱས་ཡོད་ལ་གསར་གཏོད་ཆེན་པོ་ཡང་བྱས་ཡོད་པས་རིགས་པའི་གཞུང་ལུགས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཕ་ཁི་སི་ཐན་དང་ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་ཀྱི་གཞུང་ཚབ་པས་ཀྲུང་གོས་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ་དེར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པས་འཛམ་གླིང་ལ“འཕེལ་རྒྱས་ཀྱི་ཁེ་སྤོགས”མཁོ་འདོན་བྱས་ཡོད་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་དེང་རབས་ཅན་མངོན་འགྱུར་བྱེད་པར་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།