འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།ཧྲང་ཧའེ་ཡི་རིག་དངོས་བཟོ་བཀོད་བརྒྱ་ཙམ་ལ་རིན་མི་དགོས་པར་སྒོ་མོ་འབྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན་ནི་2018ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཡིན། ཚེས་5ཉིན་ཧྲང་ཧའེ་གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་ཧྲང་ཧའེ་གྲོང་ཁྱེར་རིག་དངོས་ཅུས་ཀྱིས་ཧྲང་ཧའེ་ཡི་རིག་དངོས་བཟོ་བཀོད་བརྒྱ་ཙམ་ལ་སྤྱི་འདོམས་མཐུན་སྦྱོར་བྱས་ནས་ཟླ་6ཚེས་9ཉིན་གཅིག་སྡུད་ཐོག་རིན་མི་དགོས་པར་སྒོ་འབྱེད་རྒྱུ་ཡིན་པ་དང་། དེའི་ནང་ནས་ཧོང་ཕུའུ་ཆུས་ཀྱི་དེ་སྔའི་ཧྥ་རན་སེའི་བཙན་གཡར་ས་ཆའི་ལྷན་འཛོམས་འདྲི་གཅོད་ཁྲིམས་ར་དང་ཉེན་རྟོག་ཁྲུའུ་ཡི་ཤུལ་རྙིང(ད་ལྟའི་ཧོང་ཕུའུ་ཆུས་ཞིབ་དཔྱོད་ཁང)དང་དེ་བཞིན་ཅིང་ཨན་ཆུས་ཀྱི་ཏེ་ལའེ་མོང་ཏེ་སྡོད་ཁང་བཅས་ཀྱི་སྒོ་ཐོག་མར་འབྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།
         དེ་སྔའི་ཧྥ་རན་སེའི་བཙན་གཡར་ས་ཆའི་ལྷན་འཛོམས་འདྲི་གཅོད་ཁྲིམས་ར་དང་ཉེན་རྟོག་ཁྲུའུ་ནི་ཧྥ་རན་སེའི་བཙན་གཡར་ས་ཆར་འདྲ་མཉམ་མིན་པའི་ཆིངས་ཡིག་གཞིར་བཟུང་ནས་བཙུགས་པའི་ཁྲིམས་འཛིན་སྒྲིག་གཞི་ཞིག་རེད། 1915ལོར་གནས་དེར་སྤོས་ཏེ་1918ལོར་བསྐྲུན་ཚར་བ་དང་སྔ་རྗེས་སུ་དམིགས་བསལ་ཁུལ་གཉིས་པའི་ས་གནས་ཁྲིམས་ཁང་དང་། དབང་ཝེ་ཡི་ས་གནས་ཁྲིམས་ཁང་གི་མཐོ་རིམ་ཁྲིམས་ཁང་ཞིབ་དཔྱོད་ཁྲུའུ། ལུའུ་ཅ་ཝན་ཉེན་རྟོག་ཅུས་སོགས་བྱས་ཁར་ད་ལོ་ནི་རིག་དངོས་བཟོ་བཀོད་དེ་བསྐྲུན་ནས་ལོ་100འཁོར་བའི་ལོ་ཡིན། དེ་གར་ཁྲེན་ཏུའུ་ཤིའུ་དང་མཛངས་མི་བདུན་སོགས་སྔོན་ཐོན་མི་སྣ་བཀག་ཉར་བྱས་མྱོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་དང་པོ་འཚོགས་པའི་ལོ་རྒྱུས་དེ་བས་ཀྱང་དཔང་པོ་བྱེད་ཐུབ། ལོ་ངོ་བརྒྱའི་རིང་། རིག་དངོས་བཟོ་བཀོད་དེ་ད་ལྟའི་བར་མ་ཉམས་པར་གནས་པ་དང་སྲིད་ཁྲིམས་སྒྲིག་གཞིས་བེད་སྤྱོད་བཏང་ཞིང་། ད་ཆ་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་གནས་ཡུལ་རེད།
      

    ཕྱོགས་བསྡུས་གསར་འགྱུར།