འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མངོན་མིན་རིག་གནས་ཤུལ་བཞག་གི་བརྙན་
    པར་འགྲེམས་སྟོན་བྱ་ཉེར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་08ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རིག་གནས་དང་ཡུལ་སྐོར་པུའི་མངོན་མིན་རིག་གནས་ཤུལ་བཞག་སིའི་མཛུབ་ཁྲིད་འོག་རིག་གནས་པུའི་མི་རིགས་ཀྱི་དམངས་ཁྲོད་རིག་རྩལ་འཕེལ་རྒྱས་ལྟེ་གནས་དང་རྒྱལ་ཁབ་དཔེ་མཛོད་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཧྲན་ཤིས་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་དང་། ཧྲན་ཤིས་ཞིང་ཆེན་ཅིན་ཀྲུང་གྲོང་ཁྱེར་རིག་གནས་ཅུས། ཧྲན་ཤིས་ཞིང་ཆེན་ཕིང་ཡའོ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བ། རྒྱལ་ནང་གི་རིག་གཞུང་སྒྲིག་གཞི་མང་པོ་ཞིག་གིས་གཉེར་རོགས་བྱས་པའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མངོན་མིན་རིག་གནས་ཤུལ་བཞག་གི་བརྙན་པར་འགྲེམས་སྟོན”(གཤམ་ལ“བརྙན་པར་འགྲེམས་སྟོན”ཞེས་བསྡུ་རྒྱུ)ཟླ་6ཚེས་7ཉིན་ནས་ཚེས་9ཉིན་བར་ཧྲན་ཤིས་ཞིང་ཆེན་ཕིང་ཡའོ་རྫོང་དུ་བྱ་རྒྱུ་རེད།
         སྐབས་འདིའི་བརྙན་པར་འགྲེམས་སྟོན་ཐོག“དྲན་ཤེས་དང་། འཚོ་བ། ཁྱབ་སྤེལ”བཅས་བརྗོད་དོན་གཙོ་བོར་བྱས་ནས་ཕུལ་བྱུང་གི་གློག་བརྙན་གཅིག་སྡུད་ཐོག་སྟོན་པ་དང་། རིག་གཞུང་གླེང་སྟེགས། མཐོ་སློབ་ཀྱི་རིག་གཞུང་འགྲེམས་སྟོན་བཅས་ཆ་ཤས་གསུམ་ལས་གྲུབ་ཡོད། སྐབས་དེར་ཕུལ་བྱུང་གི་གློག་བརྙན་ཁག་30གཅིག་སྡུད་ཐོག་སྟོན་པའི་བྱེད་སྒོ་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པའི་ཕིང་ཡའོ་གནའ་གྲོང་གི་ཚོགས་ར་གཙོ་བོར་ཡོངས་བསྒྲགས་ཐོག་སྟོན་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།