འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ལྗོན་ཤིང་མེད་པའི་གྲོང་ཚོ་700ལྷག་ཙམ་དང་དུད་ཚང་ཁྲི་6.6ལྷག་ཙམ་ལ་ལྗོན་ཤིང་འཛུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ཀྱིས་ལྗོན་ཤིང་མེད་པའི་གྲོང་ཚོ་700ལྷག་ཙམ་དང་དུད་ཚང་ཁྲི་6.6ལྷག་ཙམ་ལ་ལྗོན་ཤིང་འཛུགས་པ།
          མི་དམངས་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་མ་དངུལ་རིམ་གྱིས་མང་དུ་ཕྱིན་པ་དང་སྦྲགས། ན་ནིང་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་36.02བཏང་ནས“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་དང་། རྨོ་བསྐྱུར་ནགས་གསོ། བྱེ་འགོག་བྱེ་བཅོས། འདམ་ར་སྲུང་སྐྱོང་དང་ཉམས་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོང་། ནགས་ཚལ་མེ་སྐྱོན་སྔོན་འགོག་བཅས་དང་དེ་བཞིན་ནགས་ལས་གནོད་ཡོད་སྐྱེ་དངོས་འགོག་བཅོས་སོགས་ཀྱི་ནགས་ལས་གཙོ་གནད་ལས་དོན་བརྟན་པོའི་ངང་ལག་ལེན་བསྟར་བ་རེད། འདི་ལོར(བྱེ་འགོག་བྱེ་བཅོས་ཚུད)མུའུ་ཁྲི་110ཡན་ལ་ནགས་བཟོ་དང་གྲོང་ཚོ་700ལྷག་ཙམ་གྱི་དུད་ཚང་66000ལྷག་ཙམ་ལ་ལྗོན་ཤིང་འཛུགས་རྒྱུ་རེད། གོང་གི་པར་རིས་ནི་ཉེ་དུས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གྲོང་གཉིས་གྲོང་ཚོའི་གྲོང་མིས་གསར་དུ་བཏབ་པའི་ལྕང་སོན་ལ་ཆུ་རྒྱག་པའི་གནས་ཚུལ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།