འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཨུད་གསུམ་གྱིས་འོད་ཤུགས་གློག་གཏོང་གི་གསར་འཕར་འཛུགས་སྐྲུན་གཞི་ཁྱོན་
    བཟང་སྒྲིག་བྱ་རྒྱུ་ཡིན་ལུགས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རྒྱལ་ཁབ་ནུས་རྒྱུ་ཅུས་བཅས་ཀྱིས་ཉེ་ཆར་《2018ལོའི་འོད་ཤུགས་གློག་གཏོང་གི་འབྲེལ་ཡོད་དོན་གནད་སྐོར་གྱི་བརྡ་ཐོ་》བཀྲམ་ནས་ལུགས་མཐུན་ངང་འཕེལ་རྒྱས་ཀྱི་གོམ་སྟབས་སྟངས་འཛིན་འོས་འཚམས་བྱས་ཏེ་འོད་ཤུགས་གློག་གཏོང་གི་གསར་འཕར་འཛུགས་སྐྲུན་གཞི་ཁྱོན་བཟང་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལས་རིགས་འཕེལ་རྒྱས་འགྲོ་བའི་དོན་དངོས་ལ་གཞིགས་ཏེ། 2018ལོར་འོད་ཤུགས་གློག་ཁང་དཀྱུས་མ་འཛུགས་སྐྲུན་གྱི་གཞི་ཁྱོན་གནས་སྐབས་བཀོད་སྒྲིག་བྱ་རྒྱུ་མིན་པ་དང་། ཁ་འགྲེམ་རྣམ་པའི་འོད་ཤུགས་འཕེལ་རྒྱས་གཏོང་རྒྱུ་ཚད་ལྡན་ཡོང་བ་བྱས་ནས་འདི་ལོར་ཆན་ཝ་ཁྲི་1000ཙམ་གྱི་གཞི་ཁྱོན་དེ་ཁ་འགྲེམས་རྣམ་པའི་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་སྤྱད་དེ་འོད་ཤུགས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། 
          “ཉེ་བའི་ལོ་ཤས་རིང་འོད་ཤུགས་གློག་ཁང་དཀྱུས་མ་འཕེལ་རྒྱས་མྱུར་པོ་བྱུང་སྟེ་ས་གནས་ཁག་གཅིག་ཏུ་འོད་ཤུགས་མི་སྤྱོད་པའི་གནད་དོན་ཐོན་ཡོད། ད་ཆའི་འཕེལ་རྒྱས་འགྲོ་ཚུལ་གྱི་དོན་དངོས་ལ་གཞིགས་ནས་ས་གནས་ཁག་གི་གློག་ཁང་དཀྱུས་མ་འཛུགས་སྐྲུན་བྱེད་པའི་གཞི་ཁྱོན་གནས་སྐབས་བཀོད་སྒྲིག་མི་བྱ་རྒྱུའི་ནང་སྔོན་མའི་ཡིག་ཆར་ཁ་གསལ་བཀོད་པའི་ས་ཁུལ་དེ་གའི་འཛུགས་སྐྲུན་གྱི་གཞི་ཁྱོན་སོ་སོས་དོ་དམ་བྱེད་པའི་ཞིང་ཆེན(བོད་ལྗོངས་ཕུད)ཚུད་ཡོད། དེ་ནི་ཕྱོགས་གཅིག་ནས་འཛད་སྤྱོད་གསོག་འཇོག་གི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ལག་རྩལ་སྔོན་ཐོན་ཡིན་ལ་སྤུས་ཚད་མཐོ་བའི་འོད་ཤུགས་གློག་གཏོང་རྣམ་གྲངས་ལ་འཕེལ་རྒྱས་གཏོང་གཞི་བསྐྲུན་རྒྱུ་ཡིན་པ་རེད”ཅེས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ནུས་རྒྱུ་གསར་པ་སིའི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད་ཅིང་། འགན་འཁུར་བ་དེས་འདི་ལོའི་གསར་འཕར་འཛུགས་སྐྲུན་གྱི་གཞི་ཁྱོན་བཀོད་སྒྲིག་བྱས་པ་དེ་ནི་འོད་ཤུགས་ཀྱི་གཞི་ཁྱོན་ལ་ཚོད་འཛིན་བཟོ་བ་མིན་པར་ཀྲུང་དབྱང་གི་ནོར་སྲིད་ཁ་གསབ་དགོས་པའི་རྣམ་གྲངས་ཀྱི་གསར་འཕར་གཞི་ཁྱོན་བཟང་སྒྲིག་བྱེད་པ་དང་རྣམ་གྲངས་སྣ་ཚོགས་ཀྱི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོ་བ་ཙམ་ཡིན་པས་ལག་རྩལ་སྔོན་ཐོན་ཡིན་ལ་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བ་དང་ཀྲུང་དབྱང་གི་ནོར་སྲིད་ཁ་གསབ་མི་དགོས་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་གཞི་ཁྱོན་ཐད་ལྷུག་གཏོང་བྱ་རྒྱུ་རེད་ཅེས་བརྗོད། 
          བརྡ་ཐོའི་ནང་། ད་དུང་འོད་ཤུགས་གློག་གཏོང་གི་ཁ་གསབ་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་དང་ཁ་གསབ་སྤྲོད་ཚད་དམའ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བསྟན་ཡོད། ཡིག་ཆ་བཀྲམ་པའི་ཉིན་ནས་བཟུང་གསར་དུ་སྤྱོད་འགོ་ཚུགས་པའི་འོད་ཤུགས་གློག་ཁང་གི་གོང་ཚད་ཁ་གསལ་བཟོས་ནས་དྲ་ཐོག་གཏོང་བའི་གློག་རིན་དེ་ཆུ་ཚོད་ཆན་ཝ་རེར་གོང་ཚད་སྒོར་0.05གཅིག་གྱུར་ཐོག་གཅོག་རྒྱུ་དང་། རིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཐོན་ཁུངས་ཁུལ་གྱི་གོང་ཚད་ཁ་གསལ་བཟོས་ནས་དྲ་ཐོག་གཏོང་བའི་གློག་རིན་དེ་ཆུ་ཚོད་ཆན་ཝ་རེར་གོང་ཚད་སྒོར་0.5དང་། 0.6 0.7བཅས(ཁྲལ་ཚུད་པ་)སོ་སོར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད། གསར་དུ་སྤྱོད་འགོ་ཚུགས་ཤིང“རང་གློག་རང་སྤྱོད་དང་། གློག་ལྷག་མ་དྲ་ཐོག་གཏོང་བའི”བྱེད་སྟངས་སྤྱོད་པའི་ཁ་འགྲེམས་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱིས་གློག་གཏོང་ཁ་གསབ་ཀྱི་ཚད་གཞི་ལས་སྒོར་0.05དམའ་རུ་བཏང་ནས་ཁ་གསབ་ཚད་གཞི་དེ་ཆུ་ཚོད་ཆན་ཝ་རེར་སྒོར་0.32(ཁྲལ་ཚུད་པ)ལ་ལེགས་སྒྲིག་བྱས་ཡོད། “གློག་ཚང་མ་གློག་དྲ་ནས་འཚོང་བའི”བྱེད་སྟངས་སྤྱད་པའི་ཁ་འགྲེམས་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་དེ་ཐོན་ཁུངས་ཁུལ་གནས་སའི་འོད་ཤུགས་གློག་ཁང་གི་རིན་གོང་ལྟར་ལག་ལེན་བསྟར་རྒྱུ་ཡིན་པ་རེད། 
         ཁ་འགྲེམས་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཀྱི་རང་སྤྱོད་གློག་གི་འགྲོ་གྲོན་དེ་གློག་རིན་ལྟར་བསྡུས་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྣ་ཚོགས་དང་ཟུར་སྣོན་དང་། མ་ལག་གྲབས་སྤྱོད་ཀྱི་ཤོང་ཚད་འགྲོ་གྲོན། འབྲེལ་ཡོད་ཀྱི་གློག་དྲ་སྦྲེལ་བའི་ཞབས་ཞུའི་འགྲོ་གྲོན་གཞན་བཅས་རྩ་ཆག་གཏོང་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཚམ་པའི་གྲོང་ཚོ་རིམ་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང(ཀྲའོ་ཝ་0.5དང་དེ་མན)གི་རིན་གོང་ཁ་གསལ་གྱི་གློག་རིན་ལ་འགྱུར་བ་གཏོང་རྒྱུ་མིན་པ་རེད། 
          བརྡ་ཐོའི་ནང་། ད་དུང་ཁྲོམ་ར་ཅན་གྱི་རྣམ་གྲངས་བཀོད་སྒྲིག་མུ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བསྟན་ཡོད། འོད་ཤུགས་གློག་ཁང་དཀྱུས་མ་ཚང་མར་འགྲན་རྩོད་རང་བཞིན་གྱི་འོད་སྐུལ་འོས་དཔོད་ཐོག་ནས་རྣམ་གྲངས་གཉེར་མཁན་གཏན་འཁེལ་བྱ་རྒྱུ་རེད། 
          “ནུས་རྒྱུ་གཙང་མའི་ཐོན་ལས་སྐྱེད་སྲིང་སྟོབས་ཆེན་ཡོང་བ་དང་འོད་ཤུགས་གློག་འདོན་སོགས་ནུས་རྒྱུ་གཙང་མ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ནི་ནུས་རྒྱུ་ཐོན་སྐྱེད་གསར་བརྗེ་དང་འཛད་སྤྱོད་གསར་བརྗེའི་ནང་དོན་གལ་ཆེན་ཞིག་རེད། ད་རེས་ཡིག་ཆ་བཏོན་པ་དེས་མིག་སྔའི་འོད་ཤུགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པའི་དུས་མཚམས་རང་བཞིན་གྱི་ལོ་འཁོར་གྱི་སྲིད་ཇུས་ཀྱི་བཀོད་སྒྲིག་ཅིག་ཡིན་ལ་རང་རྒྱལ་གྱི་འོད་ཤུགས་ལས་རིགས་ཆེ་བ་ནས་སྟོབས་དང་ལྡན་པ་དང་གཞི་ཁྱོན་ཆེ་རུ་གཏོང་བ་ནས་སྤུས་ཕན་གཉིས་མཐོ་ཡོང་བའི་བར་སྐུལ་མ་གཏོང་བ་ཞིག་ཡིན་པ་རེད”ཅེས་རྒྱལ་ཁབ་ནུས་རྒྱུ་ཅུས་ནུས་རྒྱུ་གསར་པ་སིའི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད། 
          ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་འོད་ཤུགས་གློག་འདོན་འཕྲུལ་ཆས་གསར་པ་བསྣན་པ་ལོ་ལྔ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་འཕྲུལ་འཁོར་ནས་གློག་གཏོང་བའི་གཞི་ཁྱོན་ལོ་གསུམ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཤིང་། 2017ལོར་གློག་དྲ་སྦྲེལ་ནས་འཕྲུལ་འཁོར་ནས་གློག་གཏོང་ཁྱོན་ཆན་ཝ་དུང་ཕྱུར་1.3ལས་བརྒལ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།