འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་དགུ་པའི་དབན་ཧྲོའུ་གླེང་སྟེགས་ཨན་ཧུའེ་ཡི་ཧྥེང་དབྱང་རྫོང་ཞའོ་ཀང་གྲོང་ཚོར་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་གཙོ་གཉེར་བྱས་པའི་སྐབས་བཅུ་དགུ་པའི་དབན་ཧྲོའུ་གླེང་སྟེགས་ཨན་ཧུའེ་ཡི་ཧྥེང་དབྱང་རྫོང་ཞའོ་ཀང་གྲོང་ཚོར་གཉེར་བ་རེད། ད་ཐེངས་གླེང་སྟེགས་ཀྱིས“སྒྱུར་བཅོས་འཕེལ་རྒྱས་དང་རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་དབར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་45ནས་ཕེབས་པའི་ཏང་སྲིད་འགོ་ཁྲིད་པ་དང་འཐུས་མི་66དང་དེ་བཞིན་རྒྱལ་ནང་གི་འབྲེལ་ཡོད་ཚན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་200ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
          ཚོགས་ཞུགས་སྐུ་མགྲོན་ཚོས་སྒྱུར་བཅོས་སྒོ་དབྱེ་ནི་དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་སྤེལ་བའི་རླབས་ཆེའི་སྤྱི་ཚོགས་སྒྱུར་བཅོས་ཤིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལག་ལེན་གྱི་འབྱུང་རྩ་ཞིག་བཅས་རེད། གོམ་སྟབས་རྗེས་མར་དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། མི་དམངས་ཀྱི་རེ་སྒུག་དང་བསྟུན་པ། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིགས་གཞུང་གསར་གཏོད་དང་ལག་ལེན་འཕེལ་རྒྱས་ལ་བརྟེན་ཏེ་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་མངོན་པར་བྱེད་དགོས་ཞེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།