འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ཕན་གཉིས་ཀ་མཐོ་རུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ཕན་གཉིས་ཀ་མཐོ་རུ་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ས་མཐོའི་སྐྱེ་དངོས་ཐོན་ལས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་དེ་བོད་ཀྱི་དམིགས་བསལ་ཁྱད་ཆོས་དང་། ཐོན་སྐྱེད་ཀྱི་བཟོ་རྩལ་སྔོན་ཐོན། ཐོན་ཁུངས་གསར་སྤེལ་གྱི་ལེགས་ཆ་བཅས་ལྡན་པའི་ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་དང་ཐོན་ཟོག་གི་འཕར་ཐང་མཐོ་རུ་བཏང་ནས་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་དང་ས་མཐོའི་ཁྱད་ལྡན་བཟའ་བཅའ་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་འཁོར་འབྲེལ་བསྐྲུན་རྒྱུར་སྐུལ་མ་མགྱོགས་སུ་བཏང་ནས་ལས་སྣོན་ནུས་པ་ཆེ་ཞིང་ཐོན་ཟོག་གི་འཕར་ཐང་མཐོ་བ་དང་། ཁྱབ་འགྱེད་ནུས་པ་ཆེ་བའི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་པས། ས་མཐོའི་ཁྱད་ལྡན་བཟའ་བཏུང་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད། ད་བར། ནས་ལས་སྣོན་ཞིབ་ཚགས་དང་། ས་གཙང་བདེ་ཐང་སོགས་ཁྱབ་ཁོངས་ལ་ཀྲུང་གོའི་གྲགས་རྟགས་14དང་བོད་ཀྱི་ཚོང་རྟགས་གྲགས་ཅན་107ཡོད།
      

    ཕྱོགས་བསྡུས་གསར་འགྱུར།