འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རབ་གསལ་ཆེད་དོན་གྱི་རབ་གསལ་ཨང་དྲུག་པ་རྟགས་ཅན་གྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་སྲུང་ཚན་རིག་ལག་རྩལ་ལས་དོན་ཅུས་དང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་2ཉིན་གྱི་ཆུ་ཚོད་12དང་སྐར་མ་13ཐོག་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་ནས་རབ་གསལ་ཆེད་དོན་གྱི་རབ་གསལ་ཨང་དྲུག་པ་རྟགས་ཅན་གྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། རབ་གསལ་ཨང་དྲུག་པ་རྟགས་ཅན་ནི་རྒྱུ་སྐར་འཁོར་ལམ་དམའ་བའི་འོད་རིག་རྒྱང་ཚོར་སྲུང་སྐར་ཞིག་ཡིན་ལ་རང་རྒྱལ་གྱི་གནད་སྨིན་ཞིང་ལས་ལྟ་དཔྱད་ཚད་འཇལ་གྱི་རབ་གསལ་སྲུང་སྐར་ཐོག་མ་དེའང་ཡིན་པས་རབ་གསལ་དང་ཁྱབ་རྒྱ་ཆེ་བ་ཕན་ཚུན་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་ནས་རྒྱུ་སྐར་འཁོར་ལམ་ཐོག་ཡོད་པའི་རབ་གསལ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་དང་མཉམ་དུ་འཁོར་སྐྱོད་བྱས་པས་ཞིང་ལས་དང་། ནགས་ལས། རྩྭ་ཐང་སོགས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་ནུས་པ་མཐོ་རུ་ཤུགས་ཆེན་ཕྱིན་ཏེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་དགོས་མཁོ་གལ་ཆེན་ལ་རྒྱང་ཚོར་གྱི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།