འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འབྱུང་འགྱུར་ལོ་གསུམ་རིང་ཟི་ལིང་གིས་གསང་སྤྱོད་ཁྲི་ 1.6བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། འབྱུང་འགྱུར་ལོ་གསུམ་རིང་ཟི་ལིང་གིས“གསང་སྤྱོད་གསར་བརྗེར”མུ་མཐུད་སྐུལ་འདེད་བཏང་ནས་གསང་སྤྱོད་ཁྲི་1.6བསྐྲུན་རྒྱུ་དང་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་མ་ཟད། རིག་ནུས་སྤྱི་པའི་གསང་སྤྱོད་དང་གསང་སྤྱོད་ཨང་གསུམ་པ་བསྐྲུན་རྒྱུའི་ལས་དོན་ཡང་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ་རེད།
          ཟི་ལིང་གྲོང་ཁྱེར་གྱི“གསང་སྤྱོད་གསར་བརྗེ”ལག་བསྟར་བྱ་རྒྱུའི་ཁྱབ་ཁོངས་སུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དང་། གྲོང་གསེབ་དང་ཞིང་དུད་ཀྱི་གསང་སྤྱོད། འགྲུལ་སྐྱེལ་ས་ཚིགས་དང་དེ་བཞིན་སྣུམ་སྣོན་ས་ཚིགས་ཀྱི་སྤྱི་པའི་གསང་སྤྱོད། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ནགས་ར་དང་སྤྱི་གླིང་གི་སྤྱི་པའི་གསང་སྤྱོད། སྤྱི་པའི་ཞབས་ཞུའི་སྒྲིག་གཞིའི་གསང་སྤྱོད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་གསང་སྤྱོད་བཅས་ཁྱོན་རིགས་ཆེན་པོ་དྲུག་ཚུད་ཡོད།
           ཟི་ལིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲུའི་ཁྲུའུ་ཀྲང་ཀྲང་པོའོ་ཝུན་གྱིས་ཟི་ལིང་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེ”མཛེས་ལྗོངས་ཁུལ་ནས་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། གྲོང་ཁྱེར་ནས་གྲོང་གསེབ་ཏུ་ཁྱབ་པ། གྲངས་འབོར་མང་དུ་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད། གསང་སྤྱོད་སྐྲུན་རིང་ཚད་ལྡན་འཛུགས་སྐྲུན་གྱི་ཚད་གཞི་དང་ས་ཁོངས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་ཕྱིའི་འཆར་འགོད་ལ་ཟི་ལིང་གྲོང་ཁྱེར་གྱི་རིག་གནས་ཁྱད་ཆོས་མངོན་པར་བྱ་རྒྱུ་དང་། ནང་གི་སྒྲིག་ཆས་ཆ་ཚང་བའི་རྨང་གཞིའི་ཐོག་ས་མཐོའི་མཐོ་གྲང་ས་ཁུལ་ལ་འཚམ་པའི་ལག་རྩལ་གསར་པ་འཚོལ་ཞིབ་དང་བེད་སྤྱོད་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
          ཤེས་རྟོགས་བྱུང་བར་གཞིགས་ན། འབྱུང་འགྱུར་ལོ་གསུམ་རིང་ཟི་ལིང་གྲོང་ཁྱེར་གྱིས་མུ་མཐུད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གསང་སྤྱོད་ཁྲི་1.6བསྐྲུན་རྒྱུ་མ་ཟད། དམིགས་བསལ་མི་ཚོགས་ལ་མཁོ་བའི་གསང་སྤྱོད་ཀྱི་དགོས་མཁོར་བསམ་གཞིག་གང་ལེགས་བྱ་རྒྱུ་དང་། རིག་ནུས་སྤྱི་པའི་གསང་སྤྱོད་དང་གསང་སྤྱོད་ཨང་གསུམ་པ་བསྐྲུན་རྒྱུ་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ། བུད་མེད་ཀྱི་གསང་སྤྱོད་བསྡུར་ཚད་ལུགས་མཐུན་ལེགས་སྒྲིག་བྱ་རྒྱུ་བཅས་རེད། གཞན་ཡང་ཟི་ལིང་གྲོང་ཁྱེར་གྱིས་གྲོང་གསེབ་དུད་ཚང་གི་གསང་སྤྱོད་འཛུགས་སྐྲུན་དང་རྒྱས་སྐྲུན་གཙོ་གནད་དུ་བྱས་ཁར། མཛེས་ལྗོངས་ཁུལ་གྱི་སྤྱི་པའི་གསང་སྤྱོད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད་བསྐྲུན་རྒྱུ་ཁ་ཕྱོགས་གཙོ་བོར་བརྩིས་ཏེ“གསང་སྤྱོད་གསར་བརྗེར”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད།
         “གསང་སྤྱོད་ཆུང་ངུ་དམངས་འཚོ་དང་འབྲེལ་བ་དང་རྒྱ་ཁྱོན་ཆུང་ངུ་ལས་ཤེས་དཔལ་ཆེན་པོ་མངོན་གྱི་ཡོད། ང་ཚོས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་ཞན་ཆ་ཧུར་ཐག་བསལ་ནས་ཟི་ལིང་གི་མི་རིགས་ཁག་གི་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་རྒྱུ་ཡིན”ཞེས་ཀྲང་པུའོ་ཝུན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།