འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལ་གསལ་བསྒྲགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་04ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལ་གསལ་བསྒྲགས་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན་ནས་ཚེས་3ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིང་གཞོན་པ། ཀྲུང་ཨ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ་ནི་ཀྲུང་གོའི་འགོ་ཁྲིད་ལིའུ་ཧོ་ཡིས་སྣེ་ཁྲིད་པའི་ཀྲུང་གོའི་ཚོགས་པ་དང་ཨ་རིའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལུའོ་སི་ཡིས་སྣེ་ཁྲིད་པའི་ཨ་རིའི་ཚོགས་པ་གཉིས་ཀྱིས་པེ་ཅིན་ཏིའོ་ཡུས་ཐའེ་གོ་མགྲོན་ཁང་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གནད་དོན་ལ་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་ཀྱིས་ཝ་ཧྲིན་ཐོན་གྱི་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱས་ཡོད་པ་སྟེ། ཞིང་ལས་དང་ནུས་ཁུངས་སོགས་ཁྱབ་ཁོངས་མང་པོ་ནས་འབྲེལ་བ་བྱས་ཏེ། ཡར་ཐོན་དང་ཞིབ་ཕྲའི་ཐད་འཕེལ་རྒྱས་བྱུང་ཡོད་པ་རེད། འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་ཕྱོགས་གཉིས་ཀས་ཐག་གཅོད་བྱ་དགོས་པ་རེད།
           ཀྲུང་གོའི་རྣམ་འགྱུར་ནི་སྔ་ཕྱི་བར་གསུམ་དུ་གཅིག་མཐུན་ཡིན་པ་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཆེད། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་སྐོང་ཆེད། ཀྲུང་གོས་ཨ་རི་ནང་ཚུད་པའི་འཛམ་གླིང་ས་ཆ་སོ་སོ་ནས་ནང་འདྲེན་བྱ་རྒྱུ་ཇེ་མང་གཏོང་འདོད་ཡོད། འདི་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་ཡོངས་ལ་ཁེ་ཕན་ཡོད་པ་རེད། བསྒྱུར་བཅོས་སྒོ་དབྱེད་དང་ནང་གི་དགོས་མཁོ་ཇེ་ཆེར་གཏོང་བ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་ལ། ང་ཚོས་གཏན་འཁེལ་བྱས་པའི་གོ་རིམ་ཡང་འགྱུར་མི་སྲིད། 
        ཀྲུང་ཨ་གཉིས་བར་གྱི་གྲོས་མོལ་ལས་ཐོབ་པའི་གྲུབ་འབྲས་ནི་ཕྱོགས་གཉིས་ཀ་ལ་ཕྱོགས་ནས་གྲོས་བྱས་ཡོད་ཅིང་། ཉོ་ཚོང་འཐབ་རྩོད་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་རེད། གལ་ཏེ་ཨ་རིས་ཕྱིར་ཐོན་ཏེ་སྒོ་ཁྲལ་འཕར་སྣོན་ནང་ཚུད་ཀྱི་ཉོ་ཚོང་ལམ་ལུགས་ལག་བསྟར་བྱ་ན། ཕྱོགས་གཉིས་ཀྱི་གྲོས་མོལ་ལས་གྲོས་འཆམ་བྱུང་བའི་དཔལ་འབྱོར་གྱི་གྲུབ་འབྲས་ཚང་མ་ཕན་ནུས་མེད་པ་འགྱུར་བ་རེད། 
    ༄༅།།ཀྲུང་གོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལ་གསལ་བསྒྲགས་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།