འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་རྒྱལ་ཡོངས་སུ་ཏང་འཛུགས་སྐྱོང་ལས་ཀའི་དཔེ་སྟོན་མཐོ་སློབ་10སྐྱེད་སྲིང་
    དང་གསར་འཛུགས་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། མཐོ་སློབ་ཏང་འཛུགས་སྐྱོང་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་མཐོ་རུ་གཏོང་ཆེད། སློབ་གསོ་པུས་འཆར་གཞི་བཀོད་ནས་རྒྱལ་ཡོངས་ཀྱི་མཐོ་སློབ་ལ་ཕྱོགས་ནས་དུས་ཡུན་ལོ་གཉིས་ཀྱི་རིང་ཏང་འཛུགས་སྐྱོང་ལས་ཀའི་དཔེ་སྟོན་མཐོ་སློབ་10དང་། ཏང་འཛུགས་སྐྱོང་ལས་ཀའི་དཔེ་སྟོན་སློབ་གླིང་དང་ཚན་ཁག་100 ཏང་འཛུགས་སྐྱོང་ལས་ཀའི་མིག་དཔེའི་ཀྲི་པུའུ་1000བཅས་སྐྱེད་སྲིང་གསར་འཛུགས་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཆིག་ཁྲི་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་། 2018ལོའི་ལོ་སྨད་ལ“བཅུ་བརྒྱ་སྟོང་ཁྲིའི”འདུ་འགོད་སྐྱེད་སྲིང་གསར་འཛུགས་ལས་ཀ་ཐོག་མ་དེ་སྤེལ་རྒྱུ་ཡིན་པ་རེད། གོང་གསལ་གནས་ཚུལ་དེ་ནི་གསར་འགོད་པར་ཚེས་28ཉིན་འཚོགས་པའི་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
           ཤེས་རྟོགས་བྱུང་གསལ། 2018ལོ་ནི་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ལོ་ཞིག་ཡིན་པ་དང་། སློབ་གསོ་པུས“གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་གི་འགག་སྒྲོལ་འཆར་གཞི”ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུའི་བཀོད་སྒྲིག་བྱས་ཡོད། བྱ་སྤྱོད་ཀྱི་བཀོད་སྒྲིག་ལྟར་ན། ཉེ་ཆར་སློབ་གསོ་པུས་《མཐོ་སློབ་ཏང་རྩ་འཛུགས་ཀྱི“བསྡུར་གཏོང་སྔོན་བརྩོན”འཛུགས་སྐྱོང་འཆར་གཞིའི་སྐོར་གྱི་ལག་བསྟར་བསམ་འཆར་》དང་《མཐོ་སློབ་དགེ་རྒན་དང་ཏང་ཀྲི་པུའི་ཧྲུའུ་ཅི་སྟེ། “སྣེ་ཁྲིད་པ་གཉིས”སྐྱེད་སྲིང་འདུ་འགོད་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་པ་རེད།
          སློབ་གསོ་པུའི་བསམ་བློ་ཆབ་སྲིད་ལས་དོན་སིའི་སི་ཀྲང་ཀྲང་ཏུང་ཀང་གིས་ཡིག་ཆའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས། 《དུས་བབ་གསར་པར་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་ཀར་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་བསམ་འཆར་》བཅས་ལ་ཕྱོགས་ཡོངས་ནས་གཞིགས་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། བླང་བྱ་ཁ་གསལ་བཏོན་པའི་རྨང་གཞིའི་ཐོག་ཞིབ་བསྡུར་རང་བཤེར་དང་། སྔོན་བརྩོན་གསར་གཏོད། ལེགས་འདེམས་སྐྱེད་སྲིང་། ཁྱབ་གདལ་བེད་སྤྱོད་བཅས་བྱ་ཐབས་དང་གོམ་སྟབས་བཞི་ལ་དབྱེ་ནས“བསྡུར་གཏོང་སྔོན་བརྩོན”འཛུགས་སྐྱོང་འཆར་གཞི་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།