འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་བའི་གྲོ་ཞིང་ས་ཁོངས་བརྒལ་ནས་འཕྲུལ་བསྡུ་བྱེད་འགོ་ཡོངས་སུ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་བའི་གྲོ་ཞིང་ས་ཁོངས་བརྒལ་ནས་འཕྲུལ་བསྡུ་བྱེད་འགོ་ཡོངས་སུ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། མིག་སྔར་དབྱར་བསྡུའི་ལོ་ཏོག་གཙོ་བོ་གྲོ་ལྷོ་ནས་བྱང་བར་སྐས་རིམ་བཞིན་སྨིན་ནས་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་སོགས་ཐོན་ཁུལ་གཙོ་བོ་རྣམས་གཅིག་སྡུད་ཐོག་ལོ་ཏོག་བསྡུ་བའི་དུས་ལ་སླེབས་ཡོད། ཚེས་28ཉིན་བར་རྒྱལ་ཡོངས་ཀྱིས་མུའུ་ཁྲི་3260གྱི་གྲོ་བསྡུས་པ་དང་། ཉིན་དེར་འཕྲུལ་འཁོར་གྱིས་གྲོ་བསྡུ་ཚད་རྒྱ་ཁྱོན་མུའུ་ཁྲི་400ལྷག་ཙམ་ཟིན་པ་ལས། རྒྱལ་ཡོངས་ཀྱི“དབྱར་གསུམ”གཞི་ཁྱོན་ཆེ་བའི་གྲོ་ཞིང་ས་ཁོངས་བརྒལ་ནས་འཕྲུལ་བསྡུ་བྱེད་པའི་མཉམ་རུབ་དམག་ཆེན་ཁྱོན་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད།
          ཞིང་ལས་གྲོང་གསེབ་པུའུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། འདི་ལོ་རྒྱལ་ཡོངས་ནས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཁྲི་63དབྱར་བསྡུ་དམག་འཐབ་ལ་ཞུགས་རྒྱུ་དང་དགུན་གྲོ་འཕྲུལ་བསྡུ་བྱེད་ཚད་དང་དབྱར་འདེབས་མ་རྨོས་ལོ་ཏོག་འཕྲུལ་འདེབས་བྱེད་ཚད་སོ་སོར་94%དང་82%ལས་བརྒལ་བ་དེ་དུས་མཚུངས་ལས་ཆ་སྙོམས་བརྒྱ་ཆའི་གྲངས་1མཐོ་རུ་ཕྱིན་ཡོད། “དབྱར་གསུམ”ལས་ཀར་ཞུགས་པའི་ཞིང་འཕྲུལ་ཞབས་ཞུའི་རྩ་འཛུགས་སྔོན་དཔག་བྱས་ན་ཁྲི་5.5ལྷག་ཙམ་ཟིན་རྒྱུ་ཡིན་པའི་ནང་། ཞིང་འཕྲུལ་མཉམ་ལས་ཁང་ཁྲི་3.1དང་ཞིང་འཕྲུལ་ཁ་ལོ་བ་མི་ཁྲི་180ལྷག་ཙམ་ཟིན་རྒྱུ་རེད།
          ཞིང་ལས་གྲོང་གསེབ་པུའུ་ཞིང་ལས་འཕྲུལ་འཁོར་ཅན་དོ་དམ་སིའི་སྐོར་གཟིགས་པ་གཞོན་པ་ཝང་ཅ་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་འཕྲུལ་ཞབས་ཞུའི་རྩ་འཛུགས་མང་པོས་ས་ཞིང“མངགས་བཅོལ”དང་མངགས་ཐོ་རྣམ་པའི་ལས་ཀ་བྱེད་པ་སོགས་ལ་བརྟེན་ནས་ལྟོས་བཅས་ཀྱིས་བརྟན་པོ་ཡོད་པའི་ཁྲོམ་ར་ཞིག་ཆགས་ཡོད། དེའི་ནང་ནས་འགའ་ཞིག་གིས་རྒྱ་ཆེའི་ཞིང་དུད་ཆུང་ངུ་དང་དེ་བཞིན་གཉེར་སྐྱོང་བྱེད་པོ་དཔེ་གསར་སྣ་ཚོགས་ལ་གཅིག་འཐུས་རྣམ་པའི“བརྒྱུད་རིམ་ཡོངས་འཕྲུལ་འཁོར་ཅན+ཕྱོགས་བསྡུས་ཞིང་ལས་ཞབས་ཞུ”མཁོ་འདོན་བྱེད་ཐུབ། “དབྱར་གསུམ”ས་ཁོངས་བརྒལ་ནས་ལས་ཀ་བྱེད་པ་དེ་འཕྲུལ་བསྡུ་གཙོ་བོར་བྱེད་པ་ནས་འཕྲུལ་བསྡུ་དང་། སོག་མ་ཐག་གཅོད། འཕྲུལ་འདེབས་བཅས་གཞི་གཅིག་ཅན་གྱི་ཞབས་ཞུར་བསྒྱུར་ཡོད།
          ཞིང་ལས་གྲོང་གསེབ་པུའུ་ཡིས་ཞིང་འཕྲུལ་ས་ཁོངས་ནས་ལས་ཀ་བྱ་ཆོག་པའི་ལག་ཁྱེར་ཁྲི་30སྒྲིག་བཟོ་པར་འདེབས་བྱས་ཏེ་རིན་པ་མི་དགོས་པར་ཞིང་འཕྲུལ་ཁ་ལོ་བར་སྤྲད་པ་དང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་ལྗང་འཛུགས་འཕྲུལ་འཁོར་གྱིས་ལག་ཁྱེར་ལ་བརྟེན་ནས་རིན་པ་མི་དགོས་པའི་ཤར་བགྲོད་སྲིད་ཇུས་ལོངས་སྤྱོད་བྱ་ཆོག དགུན་གྲོ་ཐོན་ཁུལ་གཙོ་བོའི་ཞིང་ཆེན་གྱི་ཞིང་འཕྲུལ་སྡེ་ཚན་ཁག་གིས་ཆུ་ཚོད་24ཡི་ལས་རེས་ཁ་པར་ཤར་གཏོང་བྱས་པ་དང་། གཞུང་ལམ་རྒྱུད་དུ་ས་ཁོངས་ལས་བརྒལ་བའི་འཕྲུལ་བསྡུ་སྣེ་ལེན་ཞབས་ཞུའི་ས་ཚིགས་3400བཙུགས་ནས་ཞིང་འཕྲུལ་ཁ་ལོ་བར་རིན་པ་མི་དགོས་པའི་ཞབས་ཞུ་བྱས་ཡོད། རིམ་ཁག་ཞིང་འཕྲུལ་དང་། འཕེལ་རྒྱས་སྒྱུར་བཅོས་སྡེ་ཚན། རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་ཁེ་ལས་ཀྱིས་འཁོར་རྒྱུག་ནུས་ལྡན་ཐུབ་པའི་སྤྱོད་སྣུམ་མཁོ་སྤྲོད་འགན་ལེན་གྱི་ལམ་སྲོལ་བཙུགས་ནས་ཞིང་ཆེན་ཁག་གཅིག་གི་ཞིང་འཕྲུལ་ལ་སྣུམ་བླུགས་ཚེ་ཧྲེང་རེ་ནས་སྒོར་0.3ནས་སྒོར་0.8བར་གཅོག་པའི་གཟིགས་སྐྱོང་ལོངས་སྤྱོད་བྱ་ཆོག་གི་ཡོད། 
    ༄༅།།རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་བའི་གྲོ་ཞིང་ས་ཁོངས་བརྒལ་ནས་འཕྲུལ་བསྡུ་བྱེད་འགོ་ཡོངས་སུ་ཚུགས་པ།
    ༄༅།།རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་བའི་གྲོ་ཞིང་ས་ཁོངས་བརྒལ་ནས་འཕྲུལ་བསྡུ་བྱེད་འགོ་ཡོངས་སུ་ཚུགས་པ།
    ༄༅།།རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་བའི་གྲོ་ཞིང་ས་ཁོངས་བརྒལ་ནས་འཕྲུལ་བསྡུ་བྱེད་འགོ་ཡོངས་སུ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།