འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་ཁབ་འགྲེམས་ཁང་གིས་ཝུའེ་ཉི་སེ་རྒྱལ་སྤྱིའི་བཟོ་སྐྲུན་གྱི་ལོ་གཉིས་རེའི་འགྲེམས་སྟོན་ནང་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྐབས་16པའི་ཝུའེ་ཉི་སེ་འཛམ་གླིང་བཟོ་སྐྲུན་གྱི་ལོ་གཉིས་རེའི་འགྲེམས་སྟོན་ཚེས་26ཉིན་དངོས་སུ་འགོ་ཚུགས་ཤིང་། ཀྲུང་གོའི་རྒྱལ་ཁབ་འགྲེམས་ཁང་ལ་ཆེད་ལས་མི་སྣ་མང་པོའི་དོ་ཁུར་ཐོབ་ཡོད།
          ཀྲུང་གོའི་རྒྱལ་ཁབ་འགྲེམས་ཁང་གིས་འབྱུང་འགྱུར་གྱི་གྲོང་གསེབ་བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་གོ་རྒྱལ་ཁབ་འགྲེམས་ཁང་གི་འགྲེམས་སྟོན་ཇུས་འགོད་པ་ལི་ཞང་ཉིང་གིས“ང་ཚོའི་གྲོང་གསེབ”ལ་དམིགས་ནས་ཐོན་སྐྱེད་དང་། ཡུལ་སྐོར། སྡེ་ཁུལ། རིག་གནས། སྡོད་ཁང་། འབྱུང་འགྱུར་བཅས་བརྗོད་དོན་ཆེན་པོ་དྲུག་ཇུས་འགོད་བྱས་ཡོད། ཀྲུང་གོའི་དེང་རབས་བཟོ་སྐྲུན་ཆེ་མོ་བས་འབྱུང་འགྱུར་གྱི་གྲོང་གསེབ་བསམ་བཀོད་བྱས་པའི་དཔེ་སྟོན་རྣམ་གྲངས་ཁག་གཅིག་བརྒྱུད་བཟོ་སྐྲུན་དང་གྲོང་ཁྱེར་འཕེལ་རྒྱས་ཀྱིས་གྲོང་གསེབ་ཏུ་སྡོད་མཁན་མི་རྣམས་ལ་རང་མོས་ཀྱི་བར་མཐོངས་སྔར་ལས་མང་བ་གསར་གཏོད་བྱས་པ་མངོན་པ་མ་ཟད། ཀྲུང་གོའི་བཟོ་སྐྲུན་ཤུལ་བཞག་དང་སྲོལ་རྒྱུན་བཟོ་སྐྲུན་ལག་རྩལ་དང་ཐ་སྙད་ཟུང་འབྲེལ་བྱས་པའང་མངོན་པར་བྱས་ཡོད།
          ཚེས་25ཉིན་དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་རུའེ་ཡུས་ཀྱིས་ཀྲུང་གོའི་འགྲེམས་ཁང་གི་འགོ་ཚུགས་མཛད་སྒོའི་ཐོག་འདི་ལོ་ཀྲུང་གོའི་འགྲེམས་ཁང་གིས་བཟོ་སྐྲུན་གྱི་རྣམ་པའི་ཐོག་ནས་ཀྲུང་གོའི་མིག་སྔའི་གྲོང་གསེབ་འཛུགས་སྐྲུན་དང་འབྱུང་འགྱུར་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ཡོད། “ང་ཚོའི་གྲོང་གསེབ”ལས་འཛམ་གླིང་ལ་བྱུང་བའི་མྱོང་ཚོར་མཉམ་སྤྱོད་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་པའི་ལམ་བུའི་ཐོག་དཀའ་སྤྱད་དང་བསམ་གཞིག་བྱེད་པ་དང་དེ་བཞིན་སྤེལ་རེས་དང་། མིག་ལྟོས། མཉམ་གནས་བཅས་ཁྲོད་རྒྱུན་འཛིན་དང་གསར་གཏོད་བྱེད་པ་མངོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།
     
      

    ཕྱོགས་བསྡུས་གསར་འགྱུར།