འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་གྱིས"རྒྱ་སྐད་འབྲེལ་ཟམ"ཞེས་པའི་རྒྱའི་སྐད་ཡིག་འགྲན་བསྡུར་གྱི་ཧུའུ་ཀྲི་མིང་
    གྲོང་ཁྱེར་འགྲན་ཁུལ་གྱི་མཐའ་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྐབས་བཅུ་བདུན་པའི“རྒྱ་སྐད་འབྲེལ་ཟམ”ཞེས་པའི་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རྒྱའི་སྐད་ཡིག་འགྲན་བསྡུར་གྱི་ཧུའུ་ཀྲི་མིང་གྲོང་ཁུལ་གྱི་མཐའ་བསྡུར་ཝེ་ཐེ་ནམ་གྱི་ཧུའུ་ཀྲི་མིང་གྲོང་ཁྱེར་དུ་བྱས་པ་དང་། ཝེ་ཐེ་ནམ་ལྷོ་རྒྱུད་ཀྱི་མཐོ་སློབ་8ནས་ཡོང་བའི་བདམས་ཐོན་པ་18ཀྱིས་ཤེས་བྱའི་དྲི་བ་དྲིས་ལན་དང་། བརྗོད་དོན་གཙོ་བོའི་གཏམ་བཤད། སྒྱུ་རྩལ་ངོམ་སྟོན་བཅས་ཀྱི་ལྷུ་ཚིགས་གསུམ་གྱི་འགྲན་བསྡུར་ཆུ་ཚོད་8ཙམ་བྱས་པ་རེད།
           ད་ཐེངས་ཀྱི་འགྲན་བསྡུར་དེ་ཧུའུ་ཀྲི་མིང་གྲོང་ཁྱེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་། ཧུའུ་ཀྲི་མིང་གྲོང་ཁྱེར་རྒྱལ་ཁབ་སློབ་ཆེན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་སློབ་ཆེན་གྱིས་གཉེར་འགན་ཁུར་བ་ཞིག་རེད། མཐར་ཧུའུ་ཀྲི་མིང་གྲོང་ཁྱེར་རྒྱལ་ཁབ་སློབ་ཆེན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་སློབ་ཆེན་ཤར་ཕྱོགས་ཚན་ཁག་གི་སློབ་མ་ཁྲེན་ཚའོ་ཀྲེན་ལ་ཨང་དང་པོ་ཐོབ་པ་དང་། ཚན་ཁག་དེའི་སློབ་མ་གཞན་དག་ཧྥེ་ཧོང་ལུང་དང་གྲོང་ཁྱེར་དགེ་འོས་སློབ་ཆེན་གྱི་སློབ་མ་ལི་ཆིང་ཧུའེ་ལ་ཨང་གཉིས་པ་ཐོབ་པ་རེད།
           ཁྲེན་ཚའོ་ཀྲེན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“‘རྒྱ་སྐད་འབྲེལ་ཟམ’ཞེས་པའི་འགྲན་བསྡུར་གྱི་སྐད་གྲགས་ཆོད་ཚད་མཐོ་རུ་དང་གཞི་ཁྱོན་ཆེ་རུ་ཕྱིན་ཡོད་པས་ངས་དུས་ཚོད་རིང་པོ་གྲ་སྒྲིག་བྱས་པ་ཡིན། ང་རང་ཀྲུང་གོར་དགའ་ཞེན་ཆེན་པོ་ཡོད་པ་དང་རྒྱ་ཡིག་ལ་དགའ་པོ་ཡོད། ལྷག་དོན་དུ་ཀྲུང་གོའི་ཡིག་གཟུགས་དང་རོལ་དབྱངས་ལ་དགའ་པོ་ཡོད། སློབ་ཆེན་ཐོན་རྗེས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པ་བྱས་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།
           འགྲན་བསྡུར་གྱི་དཔྱད་འདེམས་ཨུ་ཡོན་གྲོང་ཁྱེར་སྒོ་དབྱེ་སློབ་ཆེན་གྱི་རྒྱའི་སྐད་ཡིག་ཚན་ཁག་གི་ཀྲུའུ་རེན་ཧུའུ་ཧྲི་ཀྲེན་དབྱིང་གིས“ན་ནིང་དང་བསྡུར་ན། འདི་ལོའི་འགྲན་བསྡུར་གྱི་གཞི་ཁྱོན་དེ་བས་ཆེ་བ་འདུག་ལ་འགྲན་ཞུགས་སློབ་མའང་དེ་བས་མང་བ་འདུག‘རྒྱ་སྐད་འབྲེལ་ཟམ’ཞེས་པའི་འགྲན་བསྡུར་ནི་རིག་གཞུང་སྤེལ་རེས་ཀྱི་ལས་སྟེགས་ཤིག་ཡིན་ལ་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཀྱང་ཐེབས་རྒྱུ་རེད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།