འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱ་སྐད་འབྲེལ་ཟམ"ཞེས་པའི་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རྒྱའི་སྐད་ཡིག་འགྲན་བསྡུར་
    གྱི་ཁོ་སི་ཐ་རི་ཁའི་འགྲན་ཁུལ་གྱི་མཐའ་བསྡུར་མཇུག་འགྲིལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན། ཁོ་སི་ཐ་རི་ཁའི་སློབ་ཆེན་དུ་སྐབས་17པའི“རྒྱ་སྐད་འབྲེལ་ཟམ”ཞེས་པའི་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རྒྱའི་སྐད་ཡིག་འགྲན་བསྡུར་གྱི་ཁོ་སི་ཐ་རི་ཁའི་འགྲན་ཁུལ་གྱི་མཐའ་བསྡུར་ཚེས་25ཉིན་བདེ་བླག་ངང་མཇུག་འགྲིལ་ཡོད། མཐར་མཇུག་ཏུ་ཁོ་སི་ཐ་རི་ཁ་སློབ་ཆེན་ཁུང་ཙི་སློབ་གླིང་གི་སློབ་མ་པའོ་ལུའོ་ལ་ཨང་དང་པོ་ཐོབ་པ་དང་། ཁོང་གིས་ཁོ་སི་ཐ་རི་ཁའི་ཚབ་བྱས་ནས་ཀྲུང་གོར་བསྐྱོད་དེ“རྒྱ་སྐད་འབྲེལ་ཟམ”ཞེས་པའི་མཐའ་བསྡུར་ནང་ཞུགས་རྒྱུ་རེད།
          ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་པའོ་ལུའོ་ཡིས། དེ་སྔོན་2015ལོའི་ཟླ་8པར་ང་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་ནས་པེ་ཅིང་སྐད་ཡིག་སློབ་ཆེན་དུ་རྒྱའི་སྐད་ཡིག་སྦྱངས་མྱོང་། ཀྲུང་གོར་སློབ་སྦྱོང་གི་དུས་ཡུན་རྫོགས་ནས་ཁོ་སི་ཐ་རི་ཁར་ལོག་རྗེས། ངས་མུ་མཐུད་ཁོ་སི་ཐ་རི་ཁ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་རྒྱའི་སྐད་ཡིག་སྦྱངས་པ་ཡིན་ཞེས་བཤད།
           ཁོང་གིས། “ངས་བལྟས་ན། རྒྱའི་སྐད་ཡིག་ཤེས་ན་སླད་ཕྱིན་གྱི་ལས་ཀའི་ནང་ལེགས་ཆ་ཧ་ཅང་ཆེན་པོ་ལྡན་རྒྱུ་ཡིན་རྒྱ་སྐད་བཤད་ཤེས་མཁན་ལ་གོ་སྐབས་ཀྱང་ཧ་ཅང་མང་པོ་ཡོད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།