འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱིས་ཀྲུང་གོའི་གཞི་རྒྱུར་དོ་ཁུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་དུས་ཡུན་ཉིན་3གྱི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་གྲོང་ཁྱེར་དུ་འགོ་བཙུགས་པ་རེད། སྐབས་འདིའི“བློས་འགེལ་ཆོག་པའི་དཔལ་འབྱོར་འཛུགས་རྒྱུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གླེང་སྟེགས་འཚོགས་རིང་ཀྲུང་གོའི་འབྲེལ་ཡོད་གྲོས་གཞིར་དོ་ཁུར་བྱས་ཡོད་པ་རེད།
          ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཀྲུང་གོ་འདི་ཉིད་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ནང་ཞུགས་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ད་ཐེངས་ཀྱི་གླེང་སྟེགས་དེར་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཡན་ལག་གླེང་སྟེགས་ཁག་གཅིག་བཀོད་སྒྲིག་བྱས་ཡོད་པ་དཔེར་ན། “ཀྲུང་གོ་དང་ཨུ་རུ་སུ་མཉམ་ལས་ལས་སྟེགས་གསར་པ། འཕེལ་རྒྱས་ཀྱི་མདུན་ལྗོངས”དང“འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཚོང་ལས་ཀྱི་བྱེད་སྒོར་སྐུལ་འདེད་གཏོང་བ”སོགས་ཡོད་པ་རེད།
          ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེ་ཅིང་ཚའེ་ཕུས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་དབར་གྱི་མཛའ་གྲོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཁོར་ཡུག་བཟང་པོ་བཏོད་པ་དང་འབྱུང་འགྱུར་ཕྱོགས་གཉིས་པོའི་མཉམ་ལས་སྔར་བས་དམ་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བརྗོད།
          ཨུ་རུ་སུའི་ལྕགས་ལམ་མ་རྐང་ཀུང་སིའི་སྤྱི་ཁྱབ་གཞོན་པ་དང་པོ་སྨི་ཧྲ་ལིན་གྱིས་གླེང་སྟེགས་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་དབར་དོས་སྒམ་དབོར་འདྲེན་བྱེད་ཚད་2017ལོ་དང་2018ལོའི་ལོ་སྟོད་དུ་འཕར་ཚད་ཆེ་རུ་ཕྱིན་པས་ཀྲུང་གོས་ཨུ་རུ་སུ་བརྒྱུད་ནས་ཡོ་རོབ་ཏུ་སྐྱེལ་འདྲེན་བྱེད་པའི་དངོས་ཟོག་འབོར་ཚད་ཀྱང་དེ་སྔ་དང་བསྡུར་ན་འཕར་ཡོད་ཅེས་བརྗོད་པ་རེད།
          འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ཁ་མ་ཐེས་གླེང་སྟེགས་ཐོག་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པས་འདི་ལོ་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་དངུལ་བུན་ཨ་སྒོར་དུང་ཕྱུར་40མཁོ་འདོན་བྱས་ཡོད་པ་དང་། སྔོན་རྩིས་བྱས་ན་ལོ་མཇུག་ཏུ་སླེབས་སྐབས་དངུལ་བུན་འབོར་གྲངས་ཨ་སྒོར་དུང་ཕྱུར་80ཟིན་རྒྱུ་ཡིན་པ་བཤད་པ་དང་ཁོང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་གསར་སྤེལ་དངུལ་ཁང་གསར་པ་དང་མཉམ་ལས་ཡག་པོ་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།