འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་རོགས་སྐྱོར་བྱས་པའི་ཁེར་གྷི་སི་ཐན་གྱི་རྒྱལ་སའི་ལམ་ངོས་ཉམས་བཟོ་ལས་གྲྭའི་
    འགོ་ཚུགས་མཛད་སྒོ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་30ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་25ཉིན་ཀྲུང་གོས་རོགས་སྐྱོར་བྱས་པའི་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་གི་གཞུང་ལམ་དུ་སྣུམ་ནག་བཏིངས་བའི་ལམ་ངོས་ཉམས་བཟོ་ལས་གྲྭའི་འགོ་ཚུགས་མཛད་སྒོ་གཉེར་བ་དང་ཁེར་གྷི་སི་ཐན་སྲིད་གཞུང་དང་དམངས་ཚོགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་ཁེར་གྷི་སི་ཐན་གྱི་དམངས་འཚོ་ལེགས་སུ་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
          ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤའོ་ཆིང་ཧྭ་ཡིས་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས་ཀྲུང་གོས་ཁེར་གྷི་སི་ཐན་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། ཡིད་ཆེས་བྱེད་ཆོག་པའི་རོགས་ཟླ་བཅས་སུ་བརྩི་གི་ཡོད་པས་སྲོལ་རྒྱུན་གྱི་མཛའ་གྲོགས་དང་མཉམ་ལས་སྲ་བརྟན་དུ་གཏོང་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བཤད་པ་རེད།
          ཁེར་གྷི་སི་ཐན་གྱི་དཔལ་འབྱོར་པུའི་པུའུ་ཀྲང་གཞོན་པ་ས་ཙི་པ་ཁོ་ཧྥུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་མ་དངུལ་དང་ལག་རྩལ་ཐད་རོགས་སྐྱོར་མཁོ་འདོན་བྱེད་པའི་དམིགས་ཡུལ་ནི་ཁེར་གྷི་སི་ཐན་གྱི་སྤྱི་ཚོགས་དང་དཔལ་འབྱོར་དང་རྨང་གཞིའི་སྒྲིག་བཀོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་རེད། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་དེ་ཀྲུང་གོ་ལམ་ཟམ་ཚོགས་པས་སྐྲུན་འགན་འཁུར་བ་དང་ཉམས་བཟོ་བྱེད་པའི་ནང་སྤྱིའི་རིང་ཚད་ལ་སྤྱི་ལེ་38.08ཟིན་པའི་པི་སི་ཁེག་གྲོང་ཁྱེར་ནང་གི་མ་ལམ་གཙོ་བོའི་ཁྲོམ་གཞུང་23ཚུད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།