འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་དཔང་ཡིག་ཁག་356དངོས་སུ་མེད་པར་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། དཔང་ཡིག་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་ཡུན་ནན་ཞིང་ཆེན་གྱིས་གཏན་འབེབས་བཏོན་ནས། རིགས་ཁག་གི་དཔང་ཡིག་ཁྱོན་ཡོངས་ནས་གཙང་སེལ་བྱས་པ་དང་། དཔང་ཡིག་ནང་དགོས་མིན་གྱི་རྩིས་ཐོ་ཁྱབ་བསྒྲགས་བྱས་ཏེ་ཁེ་ལས་དང་མང་ཚོགས་ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་སྐབས་ཡང་སྐོར་བསྐྱར་སྐོར་གྱིས་དཔང་ཡིག་ཉུང་དུ་བཏང་ནས་གཞི་རྩའི་དཔང་ཡིག་ནུས་ཆོད་ཆེ་རུ་བཏང་བ་རེད།
           ད་ཐེངས་བཏོན་པའི་གཏན་འབེབས་ནང་ལས་རིགས་དང་ཁོངས་གཏོགས་ཁག་གིས་སྲིད་འཛིན་ཞིབ་མཆན་དང་སྤྱི་པའི་ཞབས་ཞུའི་དོན་ཚན་སྒྲུབ་པའི་བརྒྱུད་རིམ་ཁྲོད་དོ་བདག་ལ་ཕྱོགས་གསུམ་པས་བཏོན་པའི་དཔང་ཡིག་ཁག་356ལེན་མཚམས་བཞག་ནས་ཞིང་ཆེན་ཡོངས་སུ་ཁས་ལེན་པའི་གཞི་རྩའི་དཔང་ཡིག་ཁག་50བཏོན་ཡོད། མེད་པ་བཟོས་པའི་དཔང་ཡིག་ནང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའི་རིགས་ཕུད། དོ་བདག་སྤྱོད་གཙང་ཡིན་པའི་དཔང་ཡིག་རིགས་དང་། ཡང་སྐོར་བསྐྱར་སྐོར་གྱི་དཔང་ཡིག་རིགས། དཔང་ཡིག་བྲིས་པའི་སྡེ་ཚན་ཁ་མི་གསལ་ལ་བདེན་དཔང་ར་སྤྲོད་མི་ཐུབ་པའི་རིགས། སྲིད་འཛིན་ལྟོས་བཅས་བའི་འོས་འགན་མང་དུ་སོང་བའི་རིགས། ལས་འགན་ལྡོག་སྐུལ་རིགས་སོགས་ཀྱི་དཔང་ཡིག་ཚུད་ཡོད།
          གཏན་འབེབས་གཞིར་བཟུང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་དཔང་ཡིག་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རྩིས་ཐོར་ནན་པོར་གཞིགས་ཏེ་ལས་དོན་བསྒྲུབས་ནས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ཕུད་ཚང་མས་དཔང་ཡིག་ཁ་སྣོན་རྒྱག་མི་ཆོག་པ་དང་། སྒུལ་རྣམ་དོ་དམ་བྱས་ཏེ་ཁ་སྣོན་རྒྱག་དགོས་པའི་དཔང་ཡིག་རིགས་གོ་རིམ་གཞིར་བཟུང་རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་གི་སྲིད་ཞིབ་གཞུང་ལས་ཁང་གི་ཞིབ་དཔྱད་བྱེད་པ་དང་འབྲེལ་རིམ་པ་གཅིག་མཚུངས་སྲིད་གཞུང་གི་མོས་མཐུན་ཐོབ་རྗེས་ལྟོས་བཅས་དཔང་ཡིག་རྩིས་ཐོའི་དོ་དམ་ནང་འཇུག་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་གསང་འབྲེལ་དོན་ཚན་ནམ་ཡང་ན་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་འབེབས་གཞན་དག་བྱས་པ་ཕུད། དོ་བདག་ལ་འབྲེལ་ཡོད་དཔང་ཡིག་བྲིས་དགོས་པ་དང་གྲོན་དངུལ་གང་ཡང་བསྡུ་མི་ཆོག གཞན་ཡང་དཔང་ཡིག་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་ཤུགས་སྔར་བས་ཆེ་རུ་བཏང་ནས་ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།