འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་གི་ཕྱི་རྒྱལ་གྱི་བགྲོ་གླེང་ཟབ་སྦྱོང་འཛིན་གྲྭ་མ་ཏ་ཀ་སི་ཁར་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ས་གནས་དེའི་དུས་ཚོད་ཚེས་23ཉིན། “2018ལོའི་མ་ཏ་ཀ་སི་ཁའི་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་གི་ཕྱི་རྒྱལ་གྱི་བགྲོ་གླེང་ཟབ་སྦྱོང་འཛིན་གྲྭ”སློབ་འགོ་ཚུགས་པའི་མཛད་སྒོ་མ་ཏ་ཀ་སི་ཁའི་རྒྱལ་ས་ཐ་ན་ན་རི་ཝོར་སྤེལ་བ་དང་། མ་ཏ་ཀ་སི་ཁ་སྲིད་གཞུང་གི་ཚན་པ་མང་པོ་ནས་ཡོང་བའི་སློབ་མས་ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་བརྗོད་བྱ་གཙོ་བོར་བྱས་པའི་དུས་ཡུན་གཟའ་འཁོར་གཉིས་ཀྱི་སློབ་སྦྱོང་བྱ་རྒྱུ་ཡིན་པ་རེད།
         མ་ཏ་ཀ་སི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་ཞའོ་རུང་དང་དེ་བཞིན་གཞུང་ཚབ་ཆེ་མོ་ཁང་གི་ལས་དོན་པ་དང་། མ་ཏ་ཀ་སི་ཁའི་ཕྱི་འབྲེལ་མཉམ་ལས་དང་འཕེལ་རྒྱས་ཀྱི་རྒྱལ་དོན་དྲུང་ཡིག་ཁྲུའི་སྤྱི་ཁྱབ་མཐུན་སྦྱོར་བ་ཏེ་ཞི་ལེ་སོགས་ཀྲུང་གོ་དང་མ་ཏ་ཀ་སི་ཁ་ཕྱོགས་གཉིས་ཀྱི་སྐུ་ཚབ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།
         དབྱང་ཞའོ་རུང་གིས་ཤིས་ཚིག་གསུང་སྐབས། ཀྲུང་གོ་དང་མ་ཏ་ཀ་སི་ཁའི་དབར་ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་མ་ཏ་ཀ་སི་ཁར་ལག་རྩལ་གྱི་རོགས་སྐྱོར་སྣ་ཚོགས་མཁོ་འདོན་བྱས་པ་དང་། སྔ་རྗེས་སུ་མ་ཏ་ཀ་སི་ཁའི་དཔོན་རིགས་དང་ལག་རྩལ་པ་2000ལྷག་ཙམ་གདན་དྲངས་ཏེ་ཀྲུང་གོ་ཕྱོགས་ཀྱིས་གཉེར་བའི་བགྲོ་གླེང་སྤེལ་རེས་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཡོད་པ་རེད། ད་རེས་མ་ཏ་ཀ་སི་ཁར་བཙུགས་པའི་བགྲོ་གླེང་ཟབ་སྦྱོང་འཛིན་གྲྭས་མ་ཏ་ཀ་སི་ཁ་ཕྱོགས་ཀྱི་མི་སྣ་སྔར་བས་མང་བས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།
         ཏེ་ཞི་ལེས་ད་རེས་ཀྱི་སྤེལ་རེས་དང་བགྲོ་གླེང་ཟབ་སྦྱོང་བརྒྱུད་སློབ་མ་རྣམས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་སྔར་བས་ཤེས་རྟོགས་ཐུབ་ནས་མ་ཀྲུང་མཉམ་ལས་ཀྱི་འབྱུང་འགྱུར་གྱི་གནས་ཚུལ་ལ་གདེང་ཚོད་དེ་བས་ཆེ་རུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བགྲོ་གླེང་ཟབ་སྦྱོང་འཛིན་གྲྭ་གཉེར་བའི་དུས་ཚོད་ནི་ཟླ་5ཚེས་23ཉིན་ནས་ཟླ་6ཚེས་5ཉིན་བར་ཡིན་པ་དང་། དེའི་རིང་མ་ཏ་ཀ་སི་ཁའི་ཙུང་ཐུང་ལས་ཤག་དང་། ཙུང་ལིའི་ལས་ཤག ནོར་སྲིད་པུའུ་སོགས་ཚན་པ་23ནས་ཡོང་བའི་སློབ་མ་53གྱིས“ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་འབྱུང་འགྱུར་གྱི་འཕེལ་རྒྱས་འཐབ་ཇུས”དང“ཀྲུང་གོ་དང་ཨ་ཧྥེ་རི་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས”སོགས་ཀྱི་ནང་དོན་སྐོར་སློབ་སྦྱོང་དང་བགྲོ་གླེང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།