འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་གྱིས་སྡེ་ཁུལ་དུ་བསྐྱོད་ནས་དམངས་ལ་འོས་འགན་སྨན་བཅོས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གྲོང་མིར་ཁྱིམ་ཚང་གི་སྒོ་འགྲམ་ནས་རིགས་གཅིག་མཁས་ཅན་རིམ་པའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཆེད། ཉེ་ཆར་ཧོ་ཕེ་གྲོང་ཁྱེར་ལུའུ་ཡང་ཆུས་ཏ་ཡང་གྲོང་རྡལ་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་དང་མཉམ་འབྲེལ་ཐོག“ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་ཏེ། གྲོང་མིར་སྙིང་ནད་ཚན་ཁག་དང་། དབུགས་ནད་ཚན་ཁག འཇུ་བྱེད་ཚན་ཁག གསང་རྒྱུད་ཟགས་གཤེར་ཚན་ཁག པགས་ནད་ཚན་ཁག བྱིས་ནད་ཚན་ཁག་སོགས་ཀྱི་སྨན་བཅོས་ཞབས་ཞུ་སྣ་ཚོགས་སྨན་རིན་མི་དགོས་པར་བྱས་ཤིང་། འོས་འགན་སྨན་བཅོས་བྱ་ཡུལ་དུ་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་གྲོང་མིར་ད་དུང་འཕྲོད་བསྟེན་བདེ་ཐང་སློབ་གསོ་དང་ནད་རིགས་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།