འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་སྐར་གྲངས་3བསྡུར་1གི་ཐོག་ནས་རི་པིན་ལས་རྣམ་པར་རྒྱལ་ཏེ་ཐང་མུའུ་སི་བུམ་པ་བསྐྱར་དུ་བླངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན། 2018ལོའི་ཐང་མུའུ་སི་བུམ་པ་དང་ཡིའུ་པོ་བུམ་པའི་འགྲན་བསྡུར་ཐེ་ལན་གྱི་པང་ཁོག་ཏུ་མཇུག་འགྲིལ་ཞིང་། ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་སྐྱེས་པའི་རུ་ཁག་གིས་སྐར་གྲངས་3བསྡུར་1གི་ཐོག་ནས་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཐང་མུའུ་སིའི་ཨང་དང་པོའི་བུམ་པ་སྐབས་གཉིས་བསྟུད་མར་ཤོར་བ་དེ་སླར་ཡང་བླངས་པ་རེད། འདི་ནི་ཀྲུང་གོའི་སྐྱེས་པའི་རུ་ཁག་གི་ལོ་རྒྱུས་ཐོག་ཐང་མུའུ་སི་བུམ་པ་ལེན་ཐེངས་10པ་ཡིན་པ་རེད།
          ཐང་མུའུ་སི་བུམ་པའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་སྐབས་རི་པིན་རུ་ཁག་དང་འགྲན་པ་དེའང་2014ལོར་རྒྱ་གར་དུ་ཐང་མུའུ་སི་བུམ་པའི་འགྲན་བསྡུར་ཤོར་རྗེས་ཀྱི་ལོ་4ཡི་རིང་ཀྲུང་གོའི་རུ་ཁག་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཚུད་ཐེངས་དང་པོ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།