འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།པུ་རུ་སེར་དུ"ཕོ་བྲང་རྙིང་པའི་མྱོང་རོལ་མཚན་མོའི"བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། “སྲོལ་རྒྱུན་རྒྱུན་འཛིན་དང་འཚོ་བ་གསར་གཏོད—ཕོ་བྲང་རྙིང་པའི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཕྱོགས་བསྡུས་འགྲེམས་སྟོན”དེ་ཚེས་25ཉིན་པེར་ཀྲེམ་གྱི་པུ་རུ་སེར་དུ་འགོ་ཚུགས་པ་རེད། པུ་རུ་སེར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཉིན་དེའི་མཚན་མོར་རྣམ་པ་གསར་རྐྱང་གི“ཕོ་བྲང་རྙིང་པའི་མྱོང་རོལ་མཚན་མོའི”བྱེད་སྒོ་སྤེལ་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་མངོན་པར་བྱས་ཡོད།
          ཕོ་བྲང་རྙིང་པའི་པར་རིས་50དང་ཕོ་བྲང་རྙིང་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རྩེ་གྲ་100ལྷག་ཙམ་སྟོན་ཡོད།
          ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པའི་སློབ་གསོ་རིག་གནས་ཁྲུའི་ཀུང་ཚན་ལི་ཅན་མིན་དང་། པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཤང་ཧྲི་ཧའེ། པུ་རུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཐན་ཧྲུའུ་སོགས་ཀྲུང་གོ་དང་ཡོ་རོབ་ཀྱི་ལས་རིགས་ཁག་གི་མི་སྣ་100ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།