འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་ཡོན་གྱིས་མིག་དཔེའི་ནུས་པ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་ཡོན་གྱི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་དང་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཐང་དབྱིང་རྫོང་ཧན་ཀྲོང་གྲོང་རྡལ་ཏུང་ཀྲོང་གྲོང་ཚོའི་ཏང་ཀྲི་པུས“ཏང་ཡོན་གྱི་ལྗོན་ཤིང”གཉིས་བཟོས་ནས“གྲོང་ཚོ་ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་དེ་བཞིན་གོ་གནས་མེད་པའི་ཏང་ཡོན་61གི་ཏང་ཡོན་གྱི་མིང་དང“སྐད་ཆ་ཚིག་གཅིག་གི་ཁས་ལེན” “ཏང་ཡོན་གྱི་ལྗོན་ཤིང”ཐོག་སྦྱར་བ་དང་སྦྲགས་གྲོང་ཚོ་ཨུ་ལྷན་གྱི་མངོན་གསལ་དོད་པའི་སར་ཡོངས་བསྒྲགས་བྱས་ཏེ་རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཏང་ཡོན་ཡིན་པ་གསལ་པོ་སྟོན་པ་དང་། ཁས་ལེན་ལག་ལེན་བསྟར་བ། མིག་དཔེ་སྟོན་པ་བཅས་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་གཟུགས་བརྙན་གཏོད་རྒྱུ་དེ་གྲོང་ཚོའི་ནང་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་པ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།