འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“དྲ་སྦྲེལ་+”ཀྱི་སློབ་མཚམས་ཆད་པ་ཚོད་འཛིན་དང་སློབ་ཞུགས་
    འགན་ལེན་གྱི་དྲ་རྒྱའི་ལས་སྟེགས་ཤིག་གསར་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་དང་གྲངས་གཞི་ཆེ་མོའི་མཛོད་ལ་བརྟེན་ནས་སློབ་མཚམས་ཆད་པ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་གྱི་གྲངས་གཞིའི་ཞིབ་དཔྱད་བསྡུར་བཤེར་གྱི་མ་ལག་ལས་སྟེགས་ཤིག་ཞིབ་འཇུག་གསར་སྤེལ་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སློབ་མཚམས་ཆད་པ་ཚོད་འཛིན་དང་སློབ་ཞུགས་འགན་ལེན་གྱི་གྲངས་གཞིའི་ཞིབ་དཔྱད་བསྡུར་བཤེར་གྱི་མ་ལག་ལས་སྟེགས་ལ་གནད་ལ་འཁེལ་བ་དང་། ཕན་ནུས་ཆེ་བ། སྟབས་བདེ་བ། རིག་ནུས་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས་སློབ་ལོ་ལོན་པ་ཚང་མར་གནད་འཁེལ་བྱེད་ཐུབ། མ་ལག་དེས་དེང་རབས་ཀྱི་དྲ་རྒྱར་བརྟེན་ནས་ཐེམ་ཐོ་ཡོད་པའི་མི་འབོར་ཁྲོད། འོས་འགན་སློབ་གསོའི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་སློབ་གྲྭར་མེད་པའི་རྒྱུ་མཚན་རིགས་22ཞིབ་དབྱེ་ཐུབ་ཀྱི་ཡོད་ལ། ཕྱིར་ལོག་གོ་བསྐོན་གྱི་ལས་དོན་སྒྲུབ་མཁན་གྱིས་སློབ་མཚམས་ཆད་འཇོག་གི་སློབ་མའི་ངོ་སྤྲོད་ཡི་གེ་ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཚན་ལ་བསྐུར་ནས་ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཚན་གྱིས་དོན་དངོས་ཡིན་མིན་ཞིབ་དཔྱད་བྱེད་ཀྱི་ཡོད།
         དེ་མིན། ལས་དོན་པས་རྩིས་འཁོར་གྱི་དྲ་སྦྲེལ་ཐོག་ནས་མ་ལག་གི་ལས་སྟེགས་བེད་སྤྱོད་བྱེད་ཆོག་ལ་ལག་ཐོགས་ཁ་པར་གྱི་དུད་སྣེ་བཀོལ་སྤྱོད་བྱས་ཏེ་ས་ཆ་གང་རུང་ནས་གྲངས་གཞི་ལྟ་ཀློག་དང་། གཏོང་བ། ཞིབ་བཤེར་བཅས་བྱེད་ཆོག་པ་མ་ཟད། མ་ལག་གིས་ཉིན་ལྟར་རང་འགུལ་ངང་སློབ་ཁོངས་ཀྱི་མ་ལག་ཆ་འཕྲིན་བཤེར་ནས་སློབ་གསོ་ཐེབས་ནས་སློབ་གྲྭར་ཕྱིར་ལོག་བྱས་པའི་སློབ་མ་དང་སློབ་ཁོངས་གཉེར་བའི་སློབ་མར་རང་འགུལ་ཞིབ་བཤེར་བྱས་ནས་ལས་དོན་པའི་ལས་ཟོས་ཡང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
        མ་ལག་དེ་འདི་ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་ཉིན་མོར་དངོས་སུ་སྤྱོད་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་མ་ལག་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་མི་འབོར་གྱི་གྲངས་གཞིའི་མཛོད་ནང་འོས་འགན་སློབ་གསོའི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་གི་ཐེམ་ཐོའི་ཆ་འཕྲིན་དང་སྐྱིད་སྡུག་མཛོད་ནང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་ཆ་འཕྲིན་ལ་བསྡུར་བཤེར་བྱས་ནས་གཙོ་གནད་ལྟ་སྡོམ་ཚོད་འཛིན་བྱ་ཡུལ་གྱི་མི་ཚོགས་གསལ་འབྱེད་བྱེད་པ་དང་སྦྲགས། ཞིང་ཆེན་དེ་ཡོངས་ཀྱི་ས་གནས་ཁག་གིས་མཐིལ་རྟོགས་ཞིབ་དཔྱད་དང་། ཨང་ཀི་སུབ་པ། ཕྱིར་ལོག་གོ་བསྐོན་བཅས་ཀྱི་ལས་དོན་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱང་ཐུབ་ཡོད།
         ད་བར་ཞིང་ཆེན་ཡོངས་ཀྱིས་འོས་འགན་སློབ་གསོའི་སློབ་ལོན་མི་འབོར་89386ལ་མཐིལ་་རྟོགས་གྲལ་བཤེར་བྱས་པས་མཐིལ་རྟོགས་གྲལ་བཤེར་བྱེད་དགོས་ངེས་ཀྱི་གྲངས་འབོར་གྱི་98.55%བཟུང་ཡོད། མཐིལ་རྟོགས་གྲལ་བཤེར་བྱས་པ་བརྒྱུད་མི་29098ཕྱིར་ལོག་གོ་བསྐོན་བྱ་ཡུལ་དུ་བརྩིས་པ་དང་ད་ཆ་སློབ་མ་18945ཕྱིར་ལོག་གི་གོ་བསྐོན་ཐུབ་པ་དེས་ཕྱིར་ལོག་གོ་བསྐོན་བྱེད་དགོས་ངེས་ཀྱི་གྲངས་འབོར་གྱི་65.11%བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།