འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྐྱ་འཕེར་ལ་བརྩོན། ཕྱུག་འགྱུར་ལམ་བུ་ཡངས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2016ལོར་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ཡངས་རི་སྒང་གྲོང་ཚོ་ཨུ་ལྷན་གྱིས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་དུད་ཚང་དབུལ་པོ་ཡུལ་དེ་རང་དུ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད། ཐབས་ལམ་སྣ་ཚོགས་བརྒྱུད་མ་དངུལ་སྒོར་ཁྲི་26གྲབས་གསོག་བྱས་ཏེ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་འབྲི་གུང་གི་ཤོན་དང་སྟོད་གཞས་རིག་གནས་སྒྱུ་རྩལ་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གི་ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་2000ལྷག་ཙམ་ཟིན་པ་དང་ཁྱོན་བསྡོམས་བཟོ་ཁང་23ཡོད་ཅིང་ལས་སྒོ་གཙོ་བོ་ནི་སྤོས་ལས་སྣོན་དང་། མི་རིགས་ཀྱི་རྒྱན་གོས། ལག་ཤེས་བཟོ་རྩལ། རིག་རྩལ་འཁྲབ་སྟོན་གྱི་ཞབས་ཞུ་སོགས་ཡིན་པ་རེད། མཉམ་ལས་ཁང་བཙུགས་པ་ནས་བཟུང་། ཡུལ་དེ་གའི་མང་ཚོགས་160ལྷག་ཙམ་ལས་ཀར་བསྡུས་པ་དང་དེའི་ནང་དུད་ཚང་དབུལ་པོ་39ཡི་མི་42ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།