འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཕུར་གྲུ་ཚུར་བསྡུ་དང་ས་འབབ་ལག་རྩལ་ལ་ཚད་བརྒལ་ཆེན་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་གྲུ་དང་འཕུར་གྲུའི་ལས་འགན་ལེགས་གྲུབ་བྱུང་རྗེས་རང་རྒྱལ་གྱིས་རང་ཚུགས་ངང་སྤེལ་བ་དང་ཞིབ་བཟོ་བྱས་པའི་ཕན་ནུས་དང་ནུས་པ་ཕྱོགས་ཡོངས་ནས་མཐོར་གཏོང་བྱས་པའི་མི་ཞུགས་འཕུར་གྲུ་ཞིག་ཡིན་པའི་ངོས་ནས་བརྗོད་ན། རབས་གསར་པའི་མི་ཞུགས་འཕུར་གྲུ་དེས་བར་སྣང་ས་ཚིགས་ཀྱི་ཞབས་ཞུ་དང་མི་ཞུགས་བར་སྣང་འཚོལ་ཞིབ་སོགས་ཀྱི་ཁྱབ་ཁོངས་མང་པོ་ཞིག་གི་ལས་འགན་ལ་དམིགས་ནས། ཉེ་ཆར་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་རབས་གསར་པའི་མི་ཞུགས་འཕུར་གྲུ་ཚུར་བསྡུ་དང་ས་འབབ་ཆེད་ལས་ཐད་ཀྱི་ལག་རྩལ་མང་པོ་ཞིག་ལ་ཚད་བརྒལ་ཆེན་པོ་བྱུང་ཡོད་པ་རེད།
         རབས་གསར་པའི་མི་ཞུགས་འཕུར་གྲུའི་ཚོད་ལྟའི་འཕུར་སྐྱོད་ཀྱི་མྱུར་ཚད་འགོར་དུ་གཏོང་བའི་གདུགས་ཀྱི་བར་སྣང་ཚོད་འཛིན་ཚོད་ལྟ་ལེགས་གྲུབ་བྱུང་ཞིང་། ཉེ་ཆར་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཁང་ལྔ་པའི་སུའོ་508ཀྱིས་རབས་གསར་པའི་མི་ཞུགས་ཚོད་ལྟའི་འཕུར་གྲུ་ཚུར་བསྡུ་དང་ས་འབབ་མྱུར་ཚད་འགོར་དུ་གཏོང་བའི་གདུགས་ཀྱི་བར་སྣང་ཚོད་འཛིན་ཚོད་ལྟ་སྒྲིག་འཛུགས་བྱས་ནས་སྤེལ་བས་ཚོད་ལྟ་དེ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།