འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་བསྒྱུར་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་
    བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧེ་ཡན་རྫོང་ཝ་འཇོག་ཤང་དར་ཡུལ་གྲོང་ཚོའི་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་རྒད་པོ་རྒྱ་མཚོས“ད་ཆ་ང་ཚོ་འབྲོག་པ་མིན་པར་སྦྱིན་བདག་ཡིན”ཞེས་བཤད་པ་དང་མི་ཚེའི་ཕྱེད་ཙམ་འབྲོག་ལས་ལ་གཞོལ་བའི་ཁོང་ད་ཆ་ལས་གཏོད་ཀྱི“སྦྱིན་བདག་ཆུང་ངུ”ཞིག་ཏུ་གྱུར་ཡོད།
         ཝ་འཇོག་ཤང་དར་ཡུལ་གྲོང་ཚོའི་རྩྭ་རའི་རྒྱ་ཁྱོན་ཆུང་བ་དང་ནོར་ལུག་ཉུང་བ་མ་ཟད། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ཀྱང་དེ་སྔ་དང་བསྡུར་ཐབས་མེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་གཅིག་ཀྱང་མེད། གནད་དོན་མང་པོ་དེ་དག་འཕྲད་སྐབས་ཇི་ལྟར་བྱས་ནས་ཕྱུག་འགྱུར་བྱ་རྒྱུ་གྲོང་ཚོའི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།
          དར་ཡུལ་གྲོང་ཚོའི་དཀའ་ངལ་མཐོང་རྗེས། ཝ་འཇོག་ཤང་སྲིད་གཞུང་གི་ལས་བྱེད་པ་ཚོ་སེམས་ཁྲལ་ཆེན་པོ་ལངས་ཏེ་གནས་བཟོད་མི་བདེ་བར་གྱུར་ཞིང་། འབྲོག་པའི་འབབ་འཕར་ཐབས་ལམ་ཉུང་དུ་ཕྱིན་ན་ཕྱིས་འབྱུང་འཚོ་བ་ཇི་ལྟར་སྐྱེལ་དགོས་བསམ་སྙམ།
         2017ལོའི་ཟླ་5ཚེས་8ཉིན། དར་ཡུལ་གྲོང་ཚོའི་དར་ཡུལ་ལྷ་ཆབ་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ཤོག་སྦག་དང་དགོད་སྒྲའི་ཁྲོད་གཟབ་རྒྱབ་ངང་ལས་སྒོ་གཉེར། ཉིན་དེ་ནས་བཟུང་། དར་ཡུལ་གྲོང་ཚོའི་འབྲོག་པ་མང་ཆེ་བ་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ཆེན་ཐོག་བསྐྱོད་འགོ་ཚུགས་པ་མཚོན་པ་དང་དར་ཡུལ་གྲོང་ཚོའི་མི་སེར་ཚོས་ཀྱང་བདེ་སྐྱིད་ཀྱི་རེ་བ་མཐོང་ཡོད།
        “མི་སེར་གྱི་དཀའ་ངལ་ང་ཚོས་གསལ་པོ་ཤེས་པས། ན་ནིང་ནས་བཟུང་། ང་ཚོས་ཕྱོགས་མང་མཐུན་སྦྱོར་བྱས་མཐར་རྫོང་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་གླིང་གཅིག་པུ་དེ་གྲོང་ཚོར་བཙུགས་པ་ཡིན”ཞེས་ཤང་ཏང་ཨུད་ཀྱི་འགན་འཁུར་བས་དེ་ལྟར་བཤད།
         ད་ཆ་དར་ཡུལ་གྲོང་ཚོའི་ཐོན་ལས་དབུལ་སྐྱོར་གླིང་གི་ཞོ་དཀྲོག་ཡུལ་དང་འཚེམ་བུ་རྒྱག་ཡུལ་སོགས་གང་ས་ནས་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མངོན་ཞིང་། ཞོ་དང་ཚགས་ཤ་སྐམ་པོ་སོགས་བཙོངས་པར་དུས་ཐུང་ཟླ་4ཡི་ནང་ཁེ་བཟང་སྒོར་ཁྲི་5ཙམ་བྱུང་ཡོད།
         “རྫོང་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་གཅིག་པུ་དེ་ང་ཚོའི་གྲོང་ཚོར་བཙུགས་པས་ཡོང་འབབ་མང་པོ་འདུག”ཅེས་རྒྱ་མཚོས་དགའ་ཚོར་དང་བཅས་དེ་ལྟར་བཤད།
         “རྫོང་གིས་ལོ་ལྟར་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་200སྤྲད་དེ་ཝ་འཇོག་ཤང་འཕེལ་རྒྱས་མྱུར་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡོད”མང་ཚོགས་ཚང་མས་ཐབས་ཇུས་བཏོན་པའི་ཁར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར་བྱས་པས། ང་ཚོས་གཞི་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཡངས་སུ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་ཐུབ་བྱུང་། དར་ཡུལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེའི་བར་འགྱུར་ལྡོག་བྱུང་ཡོད”ཅེས་ཧེ་ཡན་རྫོང་ཝ་འཇོག་ཤང་གི་ཏང་ཨུད་ཀྱི་འགན་འཁུར་བས་དེ་ལྟར་བཤད།
         དར་ཡུལ་ལྷ་ཆབ་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ལས་འགོ་བཙུགས་པས་དར་ཡུལ་གྲོང་ཚོ་དང་དེ་བཞིན་ཤང་ཡོངས་ཀྱི་དབུལ་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྐྱོར་ཐོན་ལས་གླིང་གིས་དུད་ཚང་དབུལ་པོ་20ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་། མཉམ་ལས་ཁང་སྒོ་ཕྱེ་བ་དེས་དུད་ཚང་དབུལ་པོའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་སྟོབས་ཤུགས་ཆེ་རུ་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།