འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྦད་དེ་རང་བརྟེན་ཐུབ་པའི་ཤེས་བྱའི་བདག་དབང་གི་ལྕི་བའི་གྱེས་རྡུལ་འབྲས་
    སྐྲན་བཅོས་པའི་མ་ལག་ཐོག་མ་དེ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་28ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་26ཉིན་གསར་འགོད་པར་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ལྕི་བའི་གྱེས་རྡུལ་སྨན་བཅོས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་རང་བརྟེན་ཤེས་བྱའི་བདག་དབང་གི་ལྕི་བའི་གྱེས་རྡུལ་འབྲས་སྐྲན་བཅོས་པའི་མ་ལག་ཐོག་མ་དེ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དེ་ཐོག་ནས་རང་རྒྱལ་གྱི་ལྕི་བའི་གྱེས་རྡུལ་སྨན་བཅོས་མ་ལག་ཁྲོམ་རར་ཐོ་འགོད་དང་ཐོན་ལས་ཅན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་འགག་རྩའི་གོམ་པ་སྤོས་པ་མཚོན་ཐུབ།
         ཀྲུང་གོ་ཚན་རིག་ཁང་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤའོ་གོ་ཆིང་གིས་སུའོ་དེས་1993ལོ་ནས་ལྕི་བའི་གྱེས་རྡུལ་འབྲས་སྐྲན་བཅོས་པའི་ལག་རྩལ་གྱི་རྨང་གཞི་ཞིབ་འཇུག་བྱས་པ་དང་ལོ་20ལྷག་ཙམ་གྱི་ལག་རྩལ་གསོག་འཇོག་དང་ཚན་ཞིབ་འགག་སྒྲོལ་བརྒྱུད་འཁོར་ཚད་ནང་འཇུག་འཕྲུལ་ཆས་དང་སྨན་བཅོས་ཉལ་ཁྲི་སོགས་འབྲེལ་ཡོད་མཁྲེགས་ཆས་ལག་རྩལ་ཁོང་དུ་ཆུད་པས་སྨན་བཅོས་འཆར་གཞི་དང་སྨན་བཅོས་ཚོད་འཛིན་སོགས་མཉེན་ཆས་རང་བརྟེན་ཞིབ་སྤེལ་བྱས་པ་དང་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དང་ལན་ཀྲོའུ་གྲོང་ཁྱེར་དུ་རྦད་དེ་རང་བརྟེན་ཐུབ་པའི་ཤེས་བྱའི་བདག་དབང་གི་ལྕི་བའི་གྱེས་རྡུལ་སྨན་བཅོས་མ་ལག་གཉིས་བཙུགས་པས་རང་རྒྱལ་འདི་ཉིད་འཛམ་གླིང་དུ་ལྕི་བའི་གྱེས་རྡུལ་འབྲས་སྐྲན་བཅོས་པའི་མ་ལག་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།