འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་ཤིས་ནས་འཇར་མན་གྱི་ཧ་ཨེན་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐོག་མར་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་5ཚེས་18ཉིན་ཅང་ཤིས་ཝུའུ་ཤིས་ནས་འཇར་མན་གྱི་ཧ་ཨེན་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐོག་མར་ཐུབ་པ་དང་། མཁའ་ལམ་དེ་ནི་ཧན་གོའི་ཧྲོའར་ནས་ཅང་སུའུ་ཝུའུ་ཤིས་བར་དང་དེ་ནས་འཇར་མན་གྱི་ཧ་ཨེན་བར་འཕུར་བའི་ཝུའུ་ཤིས་ཀྱི་གླིང་དབར་གྱི་ཟོག་འདྲེན་མཁའ་ལམ་ཞིག་རེད་ལ་ཉེ་ཆར་ཅང་སུའུ་ཞིང་ཆེན་ནང་ཁོངས་ཀྱི་གླིང་དབར་གྱི་ཟོག་འདྲེན་མཁའ་ལམ་གཉིས་པ་དེའང་རེད། མཁའ་ལམ་དེ་DHL(ཏུན་ཧའོ)ཀུང་སིའི་གཙང་གླས་གནམ་གྲུས་གཉེར་སྐྱོང་བྱས་ནས་པོ་དབྱིན་747—400Fརྟགས་ཅན་གྱི་ཟོག་འདྲེན་གནམ་གྲུ་གཏོང་བའི་འགན་ཁུར་ཏེ་གཟའ་འཁོར་རེར་ཐེངས་གཉིས་རེ་འཕུར་བ་དང་འཕུར་ཐེངས་རེར་དངོས་ཟོག་ཏུན་100ལྷག་དབོར་ནས་ཝུའུ་ཤིས་དང་ཅང་ཤིས་ལྷོ་ཕྱོགས་ས་ཁུལ་ལ་ཞབས་འདེགས་ཞུ་ཡི་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།