འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སུའུ་ཏན་གྱི་ཏར་ཕུར་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་བཟོ་སྐྲུན་དམག་ཡན་ལག་རུ་ཁག་
    གིས་དཀའ་ཚེགས་ཆེ་བའི་རི་ཁུལ་གྱི་ཨར་སྐྲུན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་སུའུ་ཏན་གྱི་ཏར་ཕུར་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་བཟོ་སྐྲུན་དམག་ཡན་ལག་རུ་ཁག་ཁག་བཅུ་བཞི་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞི་བདེ་སྲུང་སྐྱོང་བྱེད་མཁན་ཀྲུང་གོའི་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གིས་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་རིང་ཏར་ཕུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་མཉམ་འབྲེལ་ཆེད་གཏོང་ཚོགས་པས་སྤྱོད་པའི་རི་ཁུལ་གྱི་དམག་འཐབ་རྟེན་གཞི་བསྐྲུན་རྒྱུའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་ཚེས་19ཉིན་སྒར་ས་ཆེན་པོར་ཕྱིར་ལོག་པ་རེད།
         ཟླ་བ་གཉིས་ལྷག་ཙམ་རིང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གིས་དམག་ཧྲག་83མངགས་ནས་ཞི་བདེ་སྲུང་སྐྱོང་གི་ཡན་ལག་རུ་ཁག་ཨང་དང་པོར་བརྩིས་ཏེ་འཐབ་ཁུལ་ལས་བརྒལ་ནས་རྒྱལ་ཁབ་ཁག་གི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་གཏན་ནས་སྐྱོད་མ་མྱོང་བའི་སུའུ་ཏན་ཏར་ཕུར་ས་ཁུལ་གྱི་མའེ་ལ་རི་བོའི་དབུས་སུ་བསྐྱོད་དེ་དམག་འཐབ་ཀྱི་རྟེན་གཞི་གསར་པ་སྐྲུན་རོགས་བྱས་པ་རེད། ཨར་སྐྲུན་བྱེད་རིང་གཟིགས་ཞིབ་གནང་བར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཏན་ཉིར་གྱིས་ཀྲུང་གོའི་བཟོ་སྐྲུན་དམག་ལ་ཚད་མཐོའི་བསྔགས་བརྗོད་གནང་ཡོད། ཁོང་གིས“འདི་གར་བྱུང་བའི་འགྱུར་ལྡོག་དངོས་སུ་མ་མཐོང་ཚེ་ཡིད་ཆེས་པར་དཀའ། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མིའི་ལས་རྗེས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ལ་ཁྱེད་ཚོ་ནི་མའེ་ལ་རི་བོའི་ཨར་སྐྲུན་གདོང་ལེན་པ་རེད”ཅེས་བརྗོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།