འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཆུ་འགོའི་ས་ཁུལ་དུ་ཆེད་དོན་ཞིབ་བཤེར་བྱས་ནས་འཐུང་ཆུ་བདེ་འཇགས་ཡོང་བར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། སྣོད་བཅུད་ཁོར་ཡུག་པུས་རྒྱལ་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ས་ཁུལ་དུ་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་རེས་སྐོར་དང་པོའི་ལྟ་ཞིབ་ལས་དོན་སྤེལ་ནས་ཆུ་འགོའི་ས་ཁུལ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྣོད་བཅུད་ཁོར་ཡུག་པུས་ཆུ་བེད་པུའུ་དང་མཉམ་འབྲེལ་བྱས་ནས་《རྒྱལ་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ཆེད་དོན་བྱ་སྤྱོད་ཇུས་གཞི་》བཟོས་ནས་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་གྱི་འཐུང་ཆུའི་ཆུ་འགོའི་ས་ཁུལ་གྱི་ཁོར་ཡུག་གི་ཁྲིམས་འགལ་གནད་དོན་གྲལ་བཤེར་དང་བཅོས་སྒྲིག་གི་ལས་དོན་ཡག་པོ་གྲུབ་དགོས་པ་སྒྲིག་འཛུགས་བྱས་ནས་ཆུ་འགོ་བདེ་འཇགས་ཡོང་དགོས་པའི་བླང་བྱ་བཏོན་པ་རེད།
         མིག་སྔའི་བར། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་བླང་བྱ་ལྟར་གནད་དོན་གྲལ་བཤེར་གྱི་ལས་དོན་བསྒྲུབས་པ་དང་འབྲེལ། ས་གནས་ཁག་གི་ཏང་གི་ཚགས་པར་དང་སྲིད་གཞུང་གི་དྲ་ཚིགས་ཐོག“འཐུང་ཆུའི་ཆུ་འགོའི་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ཆེད་སྒྲིག་ལེ་ཚན”བཏོན་ནས་གནད་དོན་གྱི་གསལ་ཐོ་དང་བཅོས་སྒྲིག་གི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།
         འཐུང་ཆུའི་ཆུ་འགོའི་ས་ཁུལ་གྱི་སྲུང་སྐྱོང་ཁུལ་གྱི་བཙོག་འབུད་ཀྱི་ཆུ་ཕུག་དང་། ཁྲིམས་འགལ་གྱི་འཛུགས་སྐྲུན་རྣམ་གྲངས། འགྲིམ་འགྲུལ་འགྲོ་འོང་། བཟའ་བཏུང་ཡུལ་སྐོར་སོགས་ཀྱི་ཁོར་ཡུག་གི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཆེད། སྣོད་བཅུད་ཁོར་ཡུག་པུས་མང་ཚོགས་ཚོས་ཐེར་འདོན་ཁ་པར་010-12369འམ་ཡང་ན“12369ཁོར་ཡུག་སྲུང་སྐྱོང་ཐེར་འདོན”སྐད་འཕྲིན་སྤྱི་རྟགས་ཐོག་ཐེར་འདོན་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད། སྣོད་བཅུད་ཁོར་ཡུག་པུས་ས་གནས་ཁག་གིས་རིམ་བཞིན་ཞིབ་བསྡུར་བྱས་ནས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་ལྟ་སྐུལ་བྱ་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།