འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་རྒྱལ་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་ཚན་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་གསལ། 2018ལོའི་རྒྱལ་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་ཚན་རྩལ་གཟའ་འཁོར་གྱི་བྱེད་སྒོ་ཚེས་20ཉིན་སྤེལ་བ་དང་། ཐེངས་འདིའི་གཟའ་འཁོར་གྱི་བྱེད་སྒོར“རི་བོ་གཉིས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྣོད་བཅུད་ཤེས་དཔལ་མཉམ་དུ་སྐྲུན། ནགས་ཚལ་དང་རྩྭ་ཐང་ཚན་རྩལ་གྱིས་ལྗང་མདོག་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད”ཅེས་པས་བརྗོད་དོན་གཙོ་བོ་བྱས་ཤིང་། སློབ་ཆེན་སློབ་མའི་གཉིས་གཏོད་ཀྱི་བྱེད་སྒོའི་འགྲེམས་སྟོན་དང་། ཚན་རྩལ་མཉམ་ལས་ཀྱི་མཛད་སྒོར་མིང་རྟགས་འགོད་པ། ཚན་རིག་ཁྱབ་གདལ་གཏོང་བའི་མཉམ་འགུལ་གྱི་མྱོང་རོལ། ཚན་རྩལ་གཤམ་སྤེལ། ཚན་རྩལ་གྱི་གྲུབ་འབྲས་སྟོན་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ནགས་ཚལ་དང་། རྩྭ་ཐང་། མྱ་ངམ་ཐང་། འདམ་ར། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་བཅས་སྲུང་སྐྱོང་བྱེད་པ་སོགས་ཀྱི་རང་བྱུང་སྣོད་བཅུད་ཀྱི་ཚན་རིག་ཁྱབ་གདལ་གཏོང་བའི་ཤེས་བྱ་དྲིལ་བསྒྲགས་བྱས་པས་སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་དང་འདུ་ཤེས་སྔར་བས་ཟབ་ཏུ་སོང་ཡོད་པ་རེད། 
     
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།