འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྱང་ཐང་དུ་གསའ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་བརྙན་པར་ལེན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་བྱང་ཐང་དུ་གསའ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་བརྙན་པར་ལེན་ཐུབ་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན། ཀོང་ཀྲོའུ་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཞབས་ཞུའི་ལྟེ་གནས་ཀྱིས་2017ལོའི་ཟླ་12ནས་འདི་ལོའི་ཟླ་4པའི་བར་དུ། བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་གསེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྒྲིག་སྦྱོར་བྱས་པའི་སྨུག་ཕྱིའི་པར་ཆས་ནས་དཔྱད་གཞིའི་བརྙན་པར་ལེན་རྒྱུ་ལེགས་འགྲུབ་བྱུང་བ་རེད། ལྟེ་གནས་འདིའི་ལས་བྱེད་མི་སྣ་ལའང་ཞུ་ཁྲང་གིས། འདས་ཟིན་པའི་ཟླ་5ཡི་རིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་2800ནང་ཡོད་པའི་ས་ཚིགས་270ནས་ཁོང་ཚོས་གསའ་ཡི་བརྙན་པར་2000བསྡུ་རུབ་ཐུབ་ནས་གསའ་ཡི་འགུལ་སྐྱོད་བརྙན་པར་མང་ཤོས་ཡིན་པ་ཕུད། སྨུག་ཕྱིའི་པར་ཆས་ཀྱིས་ད་དུང་གཡི་སོགས་རྩ་ཆེའི་སྲོག་ཆགས་གྱི་བརྙན་པར་ཡང་བླངས་ཡོད་ཅེས་ངོ་སྤྲོད་བྱས། 
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ལྗོངས་བྱང་ཐང་དུ་གསའ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་བརྙན་པར་ལེན་ཐུབ་པ།
      

    ཕྱོགས་བསྡུས་གསར་འགྱུར།